རྫོང་ཁ་སླབ་ཐངས་ཀྱི་དཔེ་དེབ།

རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ བརྩམས་བསྒྲིགས་འབད་ཡོད་པའི་དཔེ་དེབ་འདི་ ཡོངས་འབྲེལ་འཆར་སྒོའི་ནང་བཙུགས་ཏེ་ཡོདཔ་ལས་ ཐུགས་མཁོ་ཡོད་མི་ཚུ་གིས་ཕབ་ལེན་འབད་དེ་བཞེས་གནང་།

སྔར་སྲོལ་རྫོང་ཁའི་ངག་རྒྱུན་དཔེ་དེབ་འདི་ ཁ་ཕྱེ་སྟེ་གཟིགས་གནང་།

དར་ཁྱབ་གཏང་དགོ་པའི་མིང་ཚིག།

བཀའ་གསལ་སྤྲིངས། ཁ་སངས་ཧིང་སངས། མགུ་ལས་མཇུག་དག། མགུ་ན་པ་དྲག། བརྗེད་དོགས་སེལ། དུ་རུམ། ཐལ་ལུས་ཤོར། མཐོ་མེད་ཚད་མེད། བབ་ཏོག་ཆུང་མས། བྱིས་ཉག་ཀ། སྦྱངམ་ལཱར་རྐྱབ། མལ་ཆ་གདན་སྐོར་རྐྱབ། ཡང་ན་ཡེངས་ན། ཧོག་ཀེམ་གཡབ། བཞི་ཀྲུམ་ཤོར།

དྲགཔ་དྲགཔ་མཁས་པའི་ལཱ་སྐོར་མཇུག་བསྡུ་ཡོདཔ།

༉ རྫོང་ཁ་སླབ་ཐངས་གྲོས་སྟོན་གྱིས་ མི་སྡེ་་བརྡ་བརྒྱུད་ཊེ་ལི་གྷ་རམ་ནང་སྦེ་ ལོ་ངོ་གཅིག་གི་རིང་ དྲགཔ་དྲགཔ་མཁས་པའི་ལཱ་སྐོར་བསྒྲིགས་མི་འདི་མཇུག་བསྡུ་ད་ཡི། དེ་ཡང་ཨ་རྟག་ར་གཟའ་ཟླཝ་ལུ་ དུས་ཡུན་ཆུ་ཚོད་༡ གི་རིང་ལུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད། དོན་ཚན་ཅི་རིགས་སྣ་ཚོགས་ཀྱི་ཐོག་ལུ་ རང་སོའི་བློ་རིག་མཁས་ཧིང་ལུ་གཞི་བཞག་སྟེ་ གསོལ་ར་བྱིན་ཡོདཔ་ཨིན།

ཟླ་རིམ་གྱི་དྲགཔ་དྲགཔ་མཁས་པའི་མིང་གཏམ་ཐོབ་མི་ལུ་ འབྲུག་བརྒྱུད་འཕྲིན་གྱིས་ གསོལ་ར་གནང་སྟེ་ཡོདཔ་མ་ཚད། ཤེས་ལྕོགས་མཁསཔ་ལུ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁར་ཡོད་པའི་ ནོར་བུ་སྒང་ཚོང་ཁང་གིས་གསོལ་ར་གནང་སྟེ་ཡོད་མི་ལུ་ འགོ་འདྲེན་འཐབ་མི་གིས་ བཀའ་དྲིན་དགའ་ཚོར་ཞུཝ་ཨིན།

དེ་ཡང་གཙོ་བོ་ར་ སློབ་ཕྲུག་ཚུ་གིས་ འབྲུག་གི་སྔར་སྲོལ་ལམ་ལུགས་དང་། རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་བཅུག་ནིའི་དོན་ལུ་འགོ་འདྲེན་འཐབ་ཡོདཔ་ཨིན།།

གསོལ་ར་ཐོབ་མི་ལ་ལུ་ཅིག་ ས་ཐག་རིང་སར་ཨིན་ནི་འདི་གིས་ གསོལ་ར་བསྐྱལ་བཏང་ཡོད་རུང་ སྤར་བཏབ་མ་ཚུགས།

1 བཙན་སྐྱོགས། དགེ་ལེགས་ཕུག

2 ཉི་མ་དབང་མོ་ཚེ་རིང་། དགེ་ལེགས་ཕུག་སློབ་གྲྭ་ཆུང་བ།

3 ཚེ་རིང་རྡོ་རྗེ། བཀྲ་ཤིས་གཡང་རྩེ་རམ་འཇར་སློབ་གྲྭ།

4 རྟ་མགྲིན་དཔལ་འབྱོར། ཀྲོང་གསར་ དཀར་གཞོང་།

5 སྐུམ་བུ་སྒྲོལ་མ། དབང་འདུས།

6 བདེ་ཆེན་མཚོ་མོ།

7 ཨོ་རྒྱན་ཚེ་རིང་། དབང་འདུས་བ་ཇོ།

8 དབང་འདུས་ཕུན་ཚོགས། ཝམ་རོང་བཀྲ་ཤིས་རྩེ་སློབ་གྲྭ།

9 བཀྲ་ཤིས་ཀུན་བཟང་ཆོས་སྒྲོན། བཀྲ་ཤིས་སྒང་གདུང་རྩེ་སློབ་གྲྭ།

10 སངས་རྒྱས་རྡོ་རྗེ། རྩི་རང་སློབ་གྲྭ།

11 ཡེ་ཤེས་ནོར་བུ། བཀྲ་ཤིས་གཡང་རྩེ།

དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་འགོ་འདྲེན་འཐབ་མི་ དྲགཔ་དྲགཔ་མཁས་པའི་སྡེ་ཚན་གྱི་འཐུས་མི་ཚུ་གིས་ དམངས་ཁར་ཕུལ་མི་དཔྱེ་གཏམ་གྱི་རིགས།

སྤྱི་ལོ་༢༠༢༣སྤྱི་ཟླ་༧པའི་ཚེས་༨་ལུ་ སློབ་དཔོན་ཨོ་རྒྱན་རྡོ་རྗེ་གིས། གྲོས་འགོ་གཏེར་སྒོ་ཕྱེ་ཕྱེ། །གྲོས་མཇུག་གྲུ་གུ་དྲིལ་དྲིལ། ། ཟེར་བའི་དཔྱེ་གཏམ་འདི་གྲོས་བསྟུན་འབད་བའི་སྐབས་སུ་བློ་སླབ་ཐང་གི་དཔེ་ཞག་ས་ཅིག་ཨིན་ཟུམ་གིག་འདུག་ལགས།

ལ་མགོ་ཡོད་རུང་མེདཔ་བཟུམ་སྦེ་སླབ་པའི་སྐྱོན།

རྫོང་ཁའི་ནང་ཡོངས་འབྲེལ་འཆར་སྒོ་བཟོ་དགོཔ་འདུག་ག།

རྒྱལ་ཁབ་ཀྱི་གོང་འཕེལ་དང་བསྟུན་ཏེ་ ད་རེས་ནངས་པ་ ཨིང་སྐད་ནང་ཡོངས་འབྲེལ་འཆར་སྒོ་ཐང་མེདཔ་ཅིག་བཟོ་སྟེ་ཡོད་ནི་འདི་གིས་ མི་དམངས་ཀྱིས་ བརྡ་དོན་དང་ཞབས་ཏོག་འཐོབ་ནི་ལུ་ དཀའ་འཚེགས་ག་ནེ་ཡང་མེད་པར་ སྡོདཔ་སྡོད་ས་ར་ འཛམ་གླིང་བསྐོར་རིས་རྐྱབ་ཚུགས་པས།

ནེ་ཅོག་འཐདཔ་སྦེ་ རྫོང་ཁའི་ནང་ཡང་ ཡོངས་འབྲེལ་འཆར་སྒོ་འཇམ་སམ་རེ་བཟོ་སྟེ་ཡོད་པ་ཅིན་ ཨིང་སྐད་མ་པ་ལས་ར་མ་མཁྱེན་མི་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་མནོཝ་མས། གཞུང་གི་ཡིག་ཚང་དང་སྒེར་སྡེ་ལ་ལུ་ཅིག་གིས་ རྫོང་ཁ་དང་ཨིང་སྐད་ཀྱི་ཡོངས་འབྲེལ་འཆར་སྒོ་ ལོགས་སུ་སྦེ་བཟོ་སྟེ་ཡོད་ས་ཅིག་རུང་ ཁ་ཕྱེ་སྟེ་ལྟཝ་ད་ ཁྱལ་གྱིས་ཕོག་ཕོགཔ་བཟུམ་སྦེ་ ཁ་ཡིག་ཅིག་ལས་བརྒལ་ཏེ་ ཨིང་སྐད་ནང་བཟུམ་སྦེ་བྲིས་བྲིསཝ་ དེ་དང་འདི་ཨིན་ཟེརཝ་ཅིག་མིན་འདུག། ཨིན་རུང་ནེ་སྦེ་བྲིས་ཏེ་ཡོད་མི་འདི་ དྲག་པའི་གྲངས་སུ་སྦེ་བརྩི་དགོ་པས། ག་ཅི་སྨོ་ཟེར་བ་ཅིན་ ལ་ལུ་ཅིག་གིས་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ མ་ད་སྤུ་ལས་ར་མིན་ནུག།

གཞོན་སྐྱེས་བསོད་ནམས་ཅན་ཚུ་གིས་ཡང་ རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་དགོ་པ་ཅིན་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ག་དེ་མང་མ་དགོཔ་འདུག། སྒྲིག་རང་ལས་མེདནི་རོགས་ལས་མེད་ཟེར་དོཝ་བཟུམ་སྦེ་ ཕམ་གིས་ར་ཡོངས་འབྲེལ་འཆར་སྒོ་རྫོང་ཁའི་ནང་བཟོ་བཟོཝ་མེད་པ་ཅིན་ བུ་གཞིས་ཀྱིས་ དང་འདོད་བསྐྱེད་ནི་འདི་དགོད་བྲ་འཚམས་ཅིག་འོང་།

རྟ་སྲབ་ཐག་ཐུངནི་བཞོན་དགོ་བདེ། །བློ་ཚིག་ཐང་ཐུངནི་ཉན་དགོ་བདེ། ། ཟེར་སླབ་དོཝ་བཟུམ་སྦེ་ ལོ་རྒྱུས་མང་མ་པ་ ནཱ་ལུ་རྫོང་ཁའི་ནང་ཡོངས་འབྲེལ་འཆར་སྒོ་ཅིག་དགོ་པའི་ཐུགས་འདོད་ཡོད་པ་ཅིན་ བཀའ་གནངམ་རྒྱ་ལ་དང་། །ཕྱག་ཞུཝ་གཏན་རྐྱང་། །ཟེར་སླབ་དོཝ་བཟུམ་སྦེ་ རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་ སྟོང་མ་སྦེ་ཐོབ་པའི་ཡོངས་འབྲེལ་འཆར་སྒོ་འཇམ་སམ་བཟོ་ནི་ལུ་ཕྱག་ཞུ་འོང་ལགས།

ཚོ་ཉོ་རྒྱུ་མེད་རུང་བལྟ་རྒྱུ་ཡོད་ཟེར་སླབ་དོ་བཟུམ་སྦེ་ ཚར་གཅིག་འབྲེལ་བ་མཛད་གནང་ལགས། ༼༄༅༽

དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

གཡག་རྒྱགས་རིལ་རི་གིས། །ཨར་བ་ལྷ་སི་སི་གཏང་ནི་མི་འོང་། །

མ་གོ་མཁའ་འགྲོའི་ལུང་བསྟན། །གོནི་གསེར་སྲང་བརྒྱ་ལས་དགའ། །

མཁས་པའི་རིག་པ་ནང་ལས།།བླུན་པོའི་སྤྱོད་པ་ཕྱི་ལས།།

འདྲཝ་མེད་རུང་ཚུལ་ཅིག།

གཡུས་ཀྱི་ལྷ་གསོལ་བ།།གཡུས་ཀྱི་བོནམོ་མཁས།།

ཁྲག་རླུང་དཔོན་གྱི་ནད་གཞི། །གཡོག་པ་ཡོདནི་རྟས་ཐག །

པར་པར་ཟེར་མི་ཕར་ཀི་ལོགས་ལས་ཨིན་མས། །བ་བཞོ་ནི་མེད་པ་མར་ག་ལས་འོང་པ།།

འཕྲལ་འཕྲལ་གཞའ་མགུ་ཉིས་བརྩེགས།།འཕྲལ་འཕྲལ་དགུང་ཧིང་སྟོངམ།།