ས་གནས་མིང་གི་རྒྱབ་ཁུངས།
༆མ་གཞི་མིང་བཏགས་ཐངས་ སྒྲ་འདོད་རྒྱལ་དང་རྗེས་སྒྲུབ་ཟེར་དབྱེ་བ་གཉིས་ཡོད་དོ་བཟུམ་ ས་གནས་ཀྱི་མིང་བཏགས་དགོ་པའི་ཁུངས་ལོགས་སུ་སྦེ་སྐྱེལ་ནི་ཡོད་རུང་ རེམ་གཉིསམ་ འགོ་དང་པ་ག་སླབ་མི་འདི་མིང་སྦེ་དར་ཁྱབ་སོང་ཞིནམ་ལས་ མིང་དེ་ལས་བརྒལ་ཏེ་ གཞན་སླབ་ནི་མེད་མི་འདི་ སྟབས་མ་བདེཝ་མེད་རུང་ དང་ཕུ་ལས་རྒྱབ་ཁུངས་ལྡན་པའི་མིང་བཏགས་ཏེ་ཡོད་རུང་ ད་རིས་ནངས་པ་མིང་གི་ཟུར་ཉམས་ཏེ་ ཁུངས་དོན་དང་མ་འཁྲིལཔ་སྦེ་དར་ཁྱབ་གཏང་དོ་ཡོད་མི་འདི་ ཚ་རྒྱས་ལང་དགོཔ་འདུག དེ་འབད་ནི་འདི་གིས་ རྫོང་ཁ་སླབ་ཐངས་ཀྱིས་ ཝི་ཅཊ་ཀྱི་སྡེ་ཚན་ནང་གསུང་གྲོས་གནང་མི་འདི་ ཡིག་ཐོག་ལུ་བཀོད་ཏེ་ཡོད་མི་འདི་གིས་ མཇུག་ལས་མཇུག་སུ་ གཞོན་སྐྱེས་ཆ་ཁྱབ་ལུ་ཕན་ཐོགས་འབྱུང་སྟེ་ རྒྱལ་ཁབ་ལུ་ཞབས་ཏོག་འབྱོར་ཚུགས་ནི་ཨིན་པས།