ཚིག་གོང་འོག་མ་འཛོལ་བ་སླབ་དགོ་པའི་རིགས།

ཀ༽ རྐང་ལག། རྐང་ཞ་ལག་ཞ། ཀྲམ་ཀྲེམ། ཀྲང་ཀྲིང་། སྐྱེལ་ལེན། སྐ་པར་སྲུ་པར།

ཁ༽ ཁ་སེར་མིག་སེར། ཁ་འཐབ་ཚིག་འཐབ། ཁ་ངན་ཚིག་ངན་། ཁ་དང་མིག་ཏོ། ཁ་གཡེང་མིག་གཡེང་། ཁ་རི་ཁ་ཐུག ཁ་མུར་ཆི་མུར། ཁ་བདེ་ལྕེ་བདེ། ཁྱལ་འཐུས་འུར་ལཱ།

ག༽ ག་མིན་གུ་མིན། གར་གུར། གླེང་མེད་འཛིན་མེད། གོངམ་དཔོན་གཡོག དགའ་སྐྱིད། གངས་དང་སེངྒེ། གདུང་རྒས་དང་ཤ་མུ། མགོ་ཏོ་རྐང་ཅུ། གློཝ་མཆིནམ། འགྱོ་ཞོར་སྡོད་ཞོར། གྲངམ་དྲོནམ།

ང་།༽ མངར་མེད་སྐྱུར་མེད། མངར་ཙིར་སྐྱུར་ཙིར།

ཅ༽ ཅང་ཅིང་། ཅམ་བཅོམ།

ཆ༽ ཆུ་དང་རྐྱང་ཆ། ཆབ་ཆོབ། ཆུ་སྒོར་མར་རྔོ།

ཉ༽ ཉི་ཟླ་སྐར་གསུམ། ཉག་ཉིག ཉག་ཉོག། ཉར་ཉིར། མཉང་ཀ་མཉེན་ཀུ།

ཇ༽ ཇ་ཚྭ་བུད་རྡོ། ཇ་ཆང་།

ཏ༽ རྟ་དང་རྟེའུ། བསྟུན་གྲོས། སྟབས་ལེགས་སྟེས་དབང་། ལྟང་ཏོང་། ལྟབ་གཏོགསཔ།

ཐ༽ ཐབ་ཐོབ། ཐག་ཐུག། མཐོ་སྟོད་མཐོ་དམན། མཐོ་མེད་ཚད་མེད།

པ༽ སྤང་དང་ཤཝ་རྒྱས། སྤ་དང་སྤོ་ཏོ། དཔོན་དང་གཡོག།

ཕ༽ ཕམ་དང་བུ་གཞི། ཕར་ལོ་ཚུར་ལོ། ཕོརཔ་ལྟོ་རས། ཕུ་དཀྲོག་མདའ་དཀྲོག། ཕྱམ་ཕྱིམ། ཕྱེད་ཀྲམ་མ་ཀྲམ། ཕྱེད་ཤི་ཀོ་ཤི།

བ༽ བ་དང་བོ་ཅུང་། བར་ཁ་ཞོར་ཁ། བླམ་ཆོསཔ། བླམ་སློབ་དཔོན། བྱ་དང་བྱི་ཅུང་། འབད་ཐང་བཅའ་ཐང་། འབུར་སུར། སྦངམ་སྦོངམ། སྦྱར་ཏ་སྦྱོར་ཏ།

མ༽ མར་དར་ཚིལ། མར་མུར། རྨགཔ་དང་གནསམོ།

ཙ༽ ཙམ་ཙུམ། ཙཝ་ཙིཝ། གཙང་བཙོག། ཙར་ཙིར། གཙང་ཙ་བཙན་བཙན།

ཚ༽ ཚ་ཚ་ཚིག་ཚིག། ཚཝ་ཚིའུ། ཚམ་ཚུམ། མཚོ་དང་ཉ་མོ། ཚར་ཚོར། འཚབ་འཚུབ།

ཞ༽ ཞ་ལོས་ཞོལ་ལོས། ཞཝ་ཞིཝ། ཞནི་ཁ་ཞན་ཁོགས།

ཟ༽ ཟམ་ཟས་སྒོར། ཟོར་གདུང་།

འ།༽ འར་ལཱ་འུར་ལཱ། འར་འུར།

ཡ༽ ཡམ་ཡོམ། ཕྱག་ཕྱུག གཡའ་མུར་ཚ་མུར་འཐབ། ཕྱམ་ཕྱོམ།

ར༽ ར་དང་ལུག རེམ་གཉིསམ། རིག་དང་མ་རིག། རང་མ་རིང་ཐུང་།

ལ༽ ལ་དང་ལུང་། ལཱ་དང་གཡོག།

ཤ༽ ཤ་དང་སེན་མོ། ཤིང་དང་མེ་ཏོག ཤིང་བརྡབ། ཤབ་ཤོབ།

ཡ༽ ཡར་ལོ་མར་ལོ། ཡར་ལྟ་གནམ་དང་མར་ལྟ་ས། ཡམ་ཡོམ། ཡར་ཡུར།

ས༽ ས་གཞི་ས་རྟེན། སངས་རྒྱས་དང་སེམས་ཅན། སླབ་ལུགས་བཅའ་ལུགས། སླབ་ཐང་ཟེར་ཐང་། སློབ་དཔོན་སློབ་ཕྲུག སླབ་ཁ་ཟེར་ཁ། བ

ཧ༽ ཧར་ཧུར། ཧབ་ཅི་གུབ་ཅི། ཧནི་དང་ཧོན་སྡུ། ཧོན་སྡུ་འབལ། ཧོན་སྡུ་རྫམ། ལྷངམ་རྐྱབ། ལྷག་དང་བྱུ་རུ།

ཨ༽ ཨིནམ་མེནམ། ཨ་མེད་ཨུ་མེད། ཨ་ཁ་དུག་ཁ། ཨ་ཁ་དུག་ཁ། ཨ་ཛིར་མུང་ཛིར།

  1. དཔེ་དེབ་བཏོནམ་ད་གི་ལུགས་སྲོལ་ར་དེསྦེ་ཨིན་མས། པར་ཐེངས་དང་པའི་ནང་ཆད་ལྷག་དང་ འཛོལ་འཛོལཝ་ཡོད་མི་ཚུ་ ཐོ་བཀོད་ཞིནམ་ལས་ པར་ཐེངས་གཉིས་པའི་ནང་ དག་བཅོས་འབད་དོ་ཡོདཔ་བཟུམ་སྦེ་ ང་བཅས་རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ཡང་ འ་ནེ་སྦེ་འབད་ནི་ཨིནམ་ལས་ ནཱ་གིས་ཐུགས་འཆར་བཀོད་མི་ལུ་དགའ་ཚོར་ཡོད། ང་བཅས་ཀྱིས་ཞུ་དག་འབད་བའི་སྐབས་ ཀྲོབ་མདའི་མདེའུ་དང་ཆ་འདྲཝ་སྦེ་བྲི་ནིའི་ལོ་རྒྱུས་འཐོན་ཡོད་རུང་། དང་པ་ངག་གཤིས་དང་བསྟུན་པའི་རྗོད་སྒྲ་དང་། གཉིས་པ་མདས་དཔོན་རྒསཔ་ཟེར་མི་དང་ ཧ་ལམ་ཕོག་ལམ་འདུག་ཟེར་མནོ་སྟེ་བྲིས་བྲིཝ་ཨིན་རུང་། དེ་བ་རྒྱས་བཤད་ཆེཝ་ད་ ར་ཁུངས་དག་གསལ་དབྱེ་བ་དཔྱད་དེ་ཤུལ་མའི་པར་ཐེངས་ནང་སྐྱོན་མེདཔ་ཅིག་འབད་ནིའི་བརྩི་རྐྱབ་གེ།

  2. དཔེ་དེབ་ཀྱི་འདྲ་གཅིག་ ང་ལུ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས། ལྷག་པར་དུ་ རང་ཡང་ རྫོང་སློབ་ཅིག་འབདཝ་ལས་ སློབ་ཕྲུག་ཚུ་ལུ་ཕན་ནི་མས་ལགས། Address: Tshewang Tenzin (Teacher) Sherubling HSS Trongsa Contact# 17850621