གྱངས་ཁ་བརྩི་སྲོལ་མ་འདྲཝ།
༼འབྱུ།༽འབྱུ་འཇལ་བའི་སྐབས་ལུ་ གང་། དོ་ ཟེར་བརྩི་སྲོལ་ཡོད་རུང་ རང་ཟླ་ལུ་ཚེས་གཅིག་གཉིས་ཟེར་བརྩི་སྟེ་ཚེས་ཉི་ཤུ་བརྒལ་ཞིནམ་ལས་ ཉེར་གཅིག་ཟེར་བརྩིཝ་མ་གཏོགས་ ཚེས་ཉེར་གཅིག་ཟེར་བརྩི་སྲོལ་མི་འདུག།
༼སྐྱེས་ལོ།༽སྐྱེས་ལོ་བདུན་བཅུ་དོན་གསུམ་ལུ་ ཁལ་གསུམ་བཅུ་གསུམ། སུམ་ཅུ་ལུ་ཁལ་ཕྱེད་དང་གཉིས། སོ་ལྔ་ལུ་ ཁལ་ཀོ་དག་གཉིས། དྲུག་བཅུ་ལུ་ ཁལ་གསུམ། ཉི་ཤུ་གཅིག ཁལ་ཆེན་གཅིག ཡང་ཆེན་གཅིག
༼ཆ་སྦེ་རྩིས་སྲོལ།༽ ཅ་ཆས་གཉིས་གཅིག་ཁར་སྦེ་ཡོད་མི་ལུ་ཆ་གཅིག་ཟེར་སླབ་སྲོལ་འདུག མདའ་ཆ་གཅིག བུམ་པ་ཆ་གཅིག ལྷམ་ཆ་གཅིག རྔ་ཆ་གཅིག དུང་ཆ་གཅིག་ཟེར་མི་ཚུ་བཟུམ། ༼ཟུང་སྦེ་རྩིས་སྲོལ༽ ཕོག་ལམ་དང་འཁྲིལ་ཏེ་ཅ་ཆས་ལ་ལུ་ཅིག་ལུ་ ཟུང་གཅིག་ཟེར་སླབ་སྲོལ་འདུག ཤིང་ལེབ་ཟུང་གཅིག སྒོང་རྡོག་ཟུང་གཅིག སྦ་ཟུང་ཁལ་གཅིག།
༼ཆགཔ་སྦེ་རྩིས་སྲོལ༽ ཧོན་ཚོད་ཆགཔ་གཅིག འཕྱགམ་ཆགཔ་གཅིག ཨེར་ཅང་ཆགཔ་གཅིག།
༼གང་སྦེ་རྩིས་སྲོལ༽ རེད་བྱེ་གང་། ཨེར་ཕྱེ་ཕུད་ཏ་གང་།
༼དོ་སྦེ་རྩིས་སྲོལ༽ གླང་དོ་གཅིག གླང་དོ་གཅིག་གི་ས། རེད་བྱེ་དོ། སྤར་༥གིས་ཕུད་ཏ་གང་། ཕུད་ཏ་༥གིས་ལྕང་བྲེ་གང་། ལྕང་བྲེ་༢༠གིས་སྦ་གང་། སྦ་༢༠གིས་ལྕང་བྲེ་ཉི་ཤུ་གཅིག (༤༠༠) ཉི་ཤུ་༢༠་གཅིག་གིས་ཁལ་ཆེན་གཅིག(༨༠༠༠)ཁལ་ཆེན་༢༠གིས་ཡང་ཆེན་གཅིག (༡༦༠༠༠༠སྦེ་བརྩི་ནི་ཨིན།