Dzongkha Labthang

རང་ལུགས་ཀྱི་ཅ་ཆས།

ཁ་སྐད་ར་མེད་སྤུ་མེད་འགྱོ་ནི་མས་ཟེར་ཚ་རྒྱས་ལང་མི་འདི་ མི་གཅིག་དང་གཉིས་ཀྱི་ཁེ་གྱོང་ལུ་བལྟ་སྟེ་མིན་པར་ རྒྱལ་ཁབ་ཀྱི་ཉེན་སྲུང་དོན་ལུ་ཨིན་རུང་ དེ་སྦེ་ཨིན་མས་ཟེར་ཐུགས་བཞེད་གནང་མི་འདི་སྐྱོན་བཀྲ་ཤིས་ཨིན་མས། རྒྱལ་ཁབ་ཀྱི་ཡར་རྒྱས་དང་བསྟུན་ཏེ་ ས་མཐོང་ཆེ་བའི་དུས་ཚོད་ལུ་ ཅ་ཆས་དང་ཧོད་ཆས་ཀྱི་རིགས་ཚུ་ཕྱི་རྒྱལ་ལས་ཐོན་མི་ཚུ་ན་ཐནམ་དང་ཁུངས་ཐུབ་སྤུས་ཚ་ཡོདཔ་སྦེ་ཁུངས་བསྐྱལ་ཏེ་ དེ་བསྒང་ཕ་མའི་ངོ་བསྒང་ལུ་གཡོག་སྲོལ་ཡོད་མི་ཚུ་ ད་རེས་ནངས་པ་དཔེ་སྟོནམ་ཙམ་ཅིག་ལུ་ཐུག་སྟེ་འདུག། ཏའུ། ༼རྒྱུ་ཟངས་སེར་དང་ ཟངས་དམར་ལས་བཟོ་བཟོཝ་གི་ཧོད་ཆུང་སུ་འབད་མི་ལུ་ཏའུ་ཟེར་སླབ་ཨིནམ་ད། དེ་ཡང་ཨ་ཆང་ཨ་རག་ཆ་བཀལཝ་ད་ བར་རྫའི་ལྟག་ལུ་ཆུ་འདེགས་ཏེ་བཀལ་མིའི་ཧོད་ཆ། བདེ་ཡང་ཁབ། དགེ་སློང་གི་བཞེས་ཆ། ཀུ་ཏོ། སྲང་། ༼ཤ་དང་མར་ཚུ་འཇལ་ནིའི་སྲང་། པྱི་ཏ་ལ། ༼ཚིལ་མ་འབོར་སའི་ཧོད། རྒྱུ་ཟངས། དངུལ། ལྕགས་དཀར་གྱིས་བཟོ་བཟོཝ། སློབ་དཔོན། ༼བཟོཝ་གིས་ཤིང་ཚད་བཀལ་ནིའི་ལག་ཆ་ཅིག། ཟངས་ཀུ། རྫེ་ཀོ། ༼རྫམ་དང་འདེགས་ཀྱི་འོག་ལུ་བཙུགས་ནི་ཅིག། ཇ་བཙག།…

དང་ཕུ་སྔ་དང་རྒྱས་ལས།

རྫོང་ཁའི་ནང་ དང་ཕུ་དིང་ཕུ། དང་ཕུ་དུས་རྒྱས་ལས་ཟེར་སླབ་ནི་ཡོད་རུང་ དང་ཕུ་སྔ་དང་རྒྱས་ལས་ཟེར་ཡང་སླབ་སྲོལ་འདུག། ཨིན་རུང་ད་རེས་ནངས་པ་མང་ཤོས་ཀྱིས་སླབ་སར་མི་གོ་བས། གཟིགས་མིའི་གྱངས་ཁ། Post Views: 35

དུ་མ།

ང་བཅས་རའི་ཁ་སྐད་ནང་ མིང་ཚིག་ཡོད་རུང་ ལཱ་ཁག་སྦེ་རོགས་ཀྱི་ཁ་སྐད་བར་ན་བཙུགས་ཏེ་སླབ་ནི་འདི་ མཇུག་ལས་མཇུག་སུ་ ཨོ་ཏོག་ཏོ་ཅིག་མི་འོང་ནི་མས། རྒན་གཞོན་མེདཔ་ལ་ལུ་ཅིག་གིས་ ཚོང་ཉོཝ་ད་ ཏི་རུ་ལག་སྤྲོད་མོར་མེད་པ་ཅིན་ འབང་ཀི་སྦེ་འབག་དགོ་པས་ཟེར་སྣང་དག་ག་ནེ་ཡང་མ་བསྐྱེད་པར་སླབ་མས། གཟིགས་མིའི་གྱངས་ཁ། Post Views: 67

སྒྲ་དག་ཏོག་ཏོ་མེད་པའི་སླབ་ཐངས།

གམ་ཅིག་ཡོད། འམ་ཅིག་ཡོད། ག་ཅི་ཡང་སླབ་ནི་མེད། ག་ཧོད་ཧོད། ང་གིས་ཁོ་མཐོང་ཡི། ང་ལྷོད་ཡི། ང་གིས་ཟ་ནུག། དོགས་པ་ཆགས་ཡི། གཟིགས་མིའི་གྱངས་ཁ། Post Views: 24

ཆེནམོ་ཅིག་སླབ་ནི་ར་མེད་པའི་ཚིག།

ཁོང་ཡིད་ལྷག། ལཱ་ཚུ་གི་སྐོར་ལས་ མནོ་བསམ་ལོག་ཅི་ལོག་ཅི་གཏང་བ། དཔེར་ན།སེམས་འཚབ་འཚུབ་འབད་དེ་ ཁོང་ཡིད་ལྷག་སྟེ་ར་སྡོད་པ་ཅིན་ རང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་གནོདཔ་ཨིན། ངོ་བཅག། རང་གི་མི་དང་ཆ་རོགས་ཨིན་ཟེར་ཆ་བཞག་བརྩི་སྟེ་ ངོ་སྲུང་མ་འབད་བ། དཔེར་ན། གཞུང་གི་ཕྱག་ཕྱིད་ཞུཝ་ད་ རང་གི་སྤུན་ཆ་དང་གཉེན་ཉེཝ་ཚུ་གི་ངོ་བཅག་སྟེ་ དྲང་པོའི་ཐོག་ལས་ཕྱག་ཞུ་དགོ། ཆང་ཀ་ཆུང་ཀུ། མི་དང་སེམས་ཅན་ ཅ་ལ་ག་ཅི་ར་ཨིན་རུང་ སྦོམ་དང་འགངས་ཅན་མེན་པར་ཆུང་ཀུའི་རིགས། དཔེར་ན། མི་ཆང་ཀ་ཆུང་ཀུ་ཨིན་པས་ཟེར་ བང་ཅན་དབང་བཙོང་འབད་ནི་མི་འོང་། ཚ་ཕག་ཕ། མི་ཆང་འཐུང་མི་ཚུ་ ཆང་གནམ་མེད་ས་མེད་ཤུགས་སྦེ་ཡང་མ་འགྲངསམ་སྦེ་ ཀྲིག་ཀྲི་ཅིག་བཟི་སྟེ་ཡོད་པ། དཔེར་ན། ཆང་ཚ་ཕག་ཕ་ཅིག་སྦེ་བཞག་པ་ཅིན་ ག་ཅི་ཡང་འབད་ཚུགས། ཆུ་ཐག་ཆོད། ས་དང་ ཚོདམ་ཚུ་ཆུ་སྐམ་སྟེ་…

དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

གཡག་རྒྱགས་རིལ་རི་གིས། །ཨ་ཝ་ལྷ་སི་སི་གཏང་ནི་མི་འོང་། ། མ་གོ་མཁའ་འགྲོའི་ལུང་བསྟན། །གོནི་གསེར་སྲང་བརྒྱ་ལས་དགའ། ། མཁས་པའི་རིག་པ་ནང་ལས།།བླུན་པོའི་སྤྱོད་པ་ཕྱི་ལས།། འདྲཝ་མེད་རུང་ཚུལ་ཅིག། གཡུས་ཀྱི་ལྷ་གསོལ་བ།།གཡུས་ཀྱི་བོནམོ་མཁས།། ཁྲག་རླུང་དཔོན་གྱི་ནད་གཞི། །གཡོག་པ་ཡོདནི་རྟས་ཐག ། པར་པར་ཟེར་མི་ཕར་ཀི་ལོགས་ལས་ཨིན་མས། །བ་བཞོ་ནི་མེད་པར་མར་ག་ལས་འོང་པ།། འཕྲལ་འཕྲལ་གཞའ་མགུ་ཉིས་བརྩེགས།།འཕྲལ་འཕྲལ་དགུང་ཧིང་སྟོངམ།། ཨ་ཝ་ཤ་མུ་གིས་སྤང་མི་རྡོལ་བས། གཟིགས་མིའི་གྱངས་ཁ། Post Views: 35

གནམ་དང་ནམ་གྱི་ཁྱད་པར།

༉ སྤུ་མ་གཞི་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཚིག་མཛོད་ནང་ལུ་ ནམ་མཁའ་ཟེར་མི་བར་སྣང་ཁམས་ཀྱི་སྟོངམ་འདི་ལུ་སླབ་ཨིན། གནམ་ཁ་དང་དོན་གཅིག། རྫོང་ཁའི་ནང་གནམ་ཟེར་མ་གཏོགས་ ནམ་མཁའ་ཟེར་སླབ་སྲོལ་མེདཔ་སྦེ་བཀོད་དེ་འདུག། ཨིན་རུང་དང་ཕུ་དུས་རྒྱས་ལས་ སླབ་སྲོལ་ག་དེ་སྦེ་ཡོདཔ་ཨིན་ན་ རྫོང་ཁག་སྤུངས་ཐང་ཁ་ གཡུས་ཚ་ཆུ་ཕུ་ལས་ཨིན་མི་ ཨཔ་དབང་ཕྱུག་གིས་ཁུངས་སྐྱེལ་མི་འདི་བདེན་ཚོད་འདུག། ག་ར་གིས་དེ་དང་འཁྲིལ་ཏེ་མཛད་གནང་བའི་རེ་བ་ཡོད། གནམ་དང་ནམ་གྱི་ཁྱད་པར་གྱི་སྐོར་ཁུངས་སྐྱེལ་མི་འདི་གསན་གནང་། གཟིགས་མིའི་གྱངས་ཁ། Post Views: 18

རྟ་ལོག་གི་ཆགས་རབས།

རྟ་ལོག་དགོན་སྡེ་འདི་ ས་ཕྱོགས་ག་ཏེ་ཁ་ཐུག་ལུ་ཨིན་ན་དང་ ས་གནས་ཀྱི་བཀོད་པ་གི་སྐོར་ལས་ དང་པ་འདི་གསན་གནང་། རྟ་ལོག་གི་ཆགས་རབས་དང་པོ། གཟིགས་མིའི་གྱངས་ཁ། Post Views: 10

སྨ་རེ་དང་སྨེ་གི་འཇུལ་ཚུལ།

དེ་བསྒང་ཨིན་པ་ཅིན་ རྫོང་ཁ་སླབ་ད་ (སྨ་རེ་)དང་(སྨེ)་གི་འཇུལ་ཚུལ་ ཕོག་ལམ་དང་འཁྲིལ་ཏེ་དར་ཁྱབ་སྦེ་སླབ་ནི་ཡོད་རུང་། བར་སྐབས་ཅིག་ཁ་ལས་ ལ་ལུ་ཅིག་གིས་ (བཏུབ་) ཟེར་མི་འདི་ར་མ་གཏོགས་ སྨ་རེ་དང་ སྨེ་འདི་ཆེནམོ་ཅིག་སླབ་སར་མི་གོ་བས། མ་གཞི་ཚིག་གྲོགས་འདི་ ཕལ་སྐད་ཨིནམ་ལས་ ཞེ་ས་སྦེ་སྦྱར་ཏེ་སླབ་སྲོལ་མི་ནུག། དེའི་འཇུལ་ཚུལ་དཔེ་ཅིག་འོག་ལུ་བཙུགས་ཏེ་ཡོད་མི་འདི་གཟིགས་གནང་། སྨ་རེ་གི་འཇུལ་ཚུལ། གཟིགས་མིའི་གྱངས་ཁ། Post Views: 36

མཁས་ཚོགས་ཀྱི་གྲོས་ཆོད།

རྫོང་ཁ་མཁས་ཚོགས་ཀྱི་ཞལ་འཛོམས་ཀྱི་གྲོས་ཆོད་འདི་གིས་ ག་ར་ཐུགས་ཧིང་སང་ས་འགྱོ་ནི་ལུ་ཕན་ནི་མས་མནོ་སྟེ་ནཱ་ལུ་བཙུགས་བཞག་ཡོད། https://www.dzongkha.gov.bt/dz/Expert-Minutes གཟིགས་མིའི་གྱངས་ཁ། Post Views: 8

རྒྱལ་ཡོངས་རྫོང་ཁའི་གྲོས་ཆོད།

རྒྱ་ལ་ཀོ་ལ་ལས་བརྒལ་ཚོགས་ནི་མེད་པའི་ རྒྱལ་ཡོངས་རྫོང་ཁའི་ཞལ་འཛོམས་ཀྱི་གྲོས་ཆོད་འདི་ གཞན་གྱིས་ཡང་མཁྱེན་དགོཔ་ཁག་ཆེ་བས་མནོ་སྟེ་ རྫོང་ཁ་གོང་འཕེལ་གྱི་ཡོངས་འབྲེལ་འཆར་སྒོའི་འབྲེལ་མཐུད་འདི་ འདི་ནང་་བཙུགས་མི་ལུ་ཁྱད་མི་འོང་ཟེར་མནོ་སྟེ་ཨིན། གྲོས་ཆོད་འ་ནཱ་ཡོད། ཁ་ཕྱེ་སྟེ་གཟིགས། https://www.dzongkha.gov.bt/uploads/files.pdf གཟིགས་མིའི་གྱངས་ཁ། Post Views: 4

གདོན་མཆོད་འབད་སྲོལ།

༉ ང་བཅས་རའི་སླབ་སྲོལ་ལུ་ མོ་བཏབ་པ་ཅིན་གདོན་ཅིག་འཐོན་འོང་ཟེར་སླབ་ཨིན་རུང་། དེ་ཡང་འཇིག་རྟེན་པའི་རྣམ་རྟོགས་ཅིག་ཨིན་ནི་འདི་གིས་ མོ་བཏབ་སྟེ་གདོན་མཆོད་མ་སྐྱེལ་བར་ ཕྲང་ཕྲང་སྨན་བཅོས་འབད་རུང་ དྲག་ནི་འདི་ དཀའ་ལས་ཁག་དྲགས་ཅིག་སྦེ་ཡིད་ཆེས་བསྐྱེདཔ་ཨིན། ལྷ་འདྲེ་མི་གསུམ་སྤྱོད་ལམ་གཅིག་ཟེར་སླབ་དོཝ་བཟུམ་སྦེ་ ལྟོ་དགའ་སྤགས་དགའ་ཇ་དགའ་ཆང་དགའ་ རྒྱས་རྒྱས་ཡོབ་ཡོབ་སྦེ་ག་དེ་སྦེ་སྐྱེལ་རུང་། གདོན་མཆོད་འབད་མི་འདི་གིས་ ཁ་ལས་བཤད་པ་རྒྱས་རྒྱས་སྦེ་རྐྱབ་མ་ཚུགས་པ་ཅིན་ གདོན་ཡིད་མགུ་མ་ཚུགས་པར་ནད་ལས་དྲག་མི་ཚུགས་དོ་ཡོདཔ་ཨིན་མས། སྤུ་ན་ཁ་རྟ་ལོག་ལས་ ཨ་ལུ་༦གི་ཨའི་ཨིན་མི་ ཨམ་ཀུན་བཟང་བུད་དར་གྱིས་ ཨ་ལུ་ཚུ་རྐང་ཐང་དྲངས་མི་སྐབས་ལུ་ ཙ་ཀ་ཙི་ཀི་འབདཝ་ཅིག་ སྨན་ཁང་ནང་མ་སྐྱེལ་བའི་ཧེ་མ་ མོ་བཏབ་སྟེ་གདོན་མཆོད་སྐྱེལ་དོ་ཡོདཔ་མ་ཚད། ཁྱིམ་ཚང་ཚུ་ནཝ་ཚཝ་བྱུངམ་ད་ མོ་གིས་གདོན་མཆོད་སྐྱེལཝ་ཅིག་ དེ་འཕྲལ་ལས་དྲག་ཚུགས་པའི་ཡིད་ཆེས་ཡོདཔ་ཨིན་མས། མོ་གིས་གདོན་མཆོད་སྐྱེལཝ་ད་ ཚིག་ག་དེ་སྦེ་ར་སླབ་ནི་ཡོདཔ་ཨིན་ན་ འོག་ལུ་ཨེབ་སྟེ་གསན་པ་ཅིན་མཁྱེན་ཚུགས། བློར་བཟུང་བཟུངམ་བཟུམ་སྦེ་ ཐ་ར་ར་སྦེ་སླབ་ཚུགས་མི་ མོ་བཟུམ་གངམ་མེད་མི་དེ་ཡང་…

རྫོང་ཁ་སླབ་ཐངས་ཀྱི་ལཱ་སྐོར།

རྫོང་ཁ་སླབ་ཐངས་ཟེར་བའི་སྡེ་ཚན་བཟོ་སྟེ་གསུང་གྲོས་གནང་དགོ་པའི་ར་ཁུངས་དང་ གསུང་གྲོས་གནང་ཐངས་ཀྱི་རིམ་པ། གཟིགས་མིའི་གྱངས་ཁ། Post Views: 35

མི་དབང་མཆོག་གིས་རྫོང་ཁ་གཙོ་བོར་བཏོན་དགོ་པའི་བཀའ་སློབ།

རྒྱལ་ཁབ་གཅིག་དང་མི་སྡེ་སྡེ་གཅིག་ནང་ལུ་ ཁ་སྐད་གཅིག་གིས་བརྡ་དོན་སྤྲོད་ལེན་འབད་ཚུགས་ནི་དང་། རྒྱབ་ཁབ་རང་བཙན་དོན་ལུ་ རྒྱལ་ཡོངས་སྐད་ཡིག་ལུ་ཆ་བཞག་བརྩི་མཐོང་བསྐྱེད་དགོཔ་ཁག་ཆེའི་སྐོར་ལས་ སྤྱི་གཙུག་གི་ནོར་བུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བཀའ་བཟང་གསེར་གྱི་མེ་ཏོག་གནང་ཡོད་མི་འདི་ འབྲུག་གི་ཁྲིམས་སྤྱི་བློན་པོ་སྐུ་བགྲེས་བསོད་ནམས་སྟོབས་ཀྱིས་ བཅའ་ཁ་བཅོ་ཁ་ག་ནེ་ཡང་མ་རྐྱབ་པ་གསལ་བཤད་གནང་སྟེ་ཡོད། གཟིགས་མིའི་གྱངས་ཁ། Post Views: 17

རྒྱལ་ཡོངས་སྐད་ཡིག་གི་བྱུང་རབས།

ང་བཅས་རའི་རྒྱལ་ཡོངས་ཁ་སྐད་རྫོང་ཁའི་སྐོར་ལས་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ གསལ་བཤད་གནང་སྟེ་ཡོད། དེ་གིས་རྫོང་ཁ་ལུ་ཆ་བཞག་བརྩི་མཐོང་བསྐྱེད་མི་མང་སུ་འཐོན་པའི་བསྒང་ལས་ ལཱ་ཁག་སྦེ་ ཁ་ལུ་གཞོང་མི་དགོཔ་འོང་ཟེར་མནོཝ་མས། འ་ནི་གུར་ཨེབ་ཞིནམ་ལས་གསན་གནང་། གཟིགས་མིའི་གྱངས་ཁ། Post Views: 5

མིའི་དཔེ་སྟོན་མི།

འབྲུག་པའི་མི་རིགས་ རིག་པའི་བྱི་ཅུང་ཝང་གདུང་རྒྱས་འདི་ མི་ལ་ལུ་གིས་འབད་བ་ཅིན་ ཁོ་མི་ཀྲེམ་ཟེ་ མ་ཉན་གུ་རུ་ཅིག་ཨིནམ་སྦེ་སླབ་ཨིན་རུང་། ནང་སེང་སྐོར་ལས་ཁོག་ཧིང་ལྷག་ལྟ་བ་ཅིན་ ཁོ་འདི་ཕྱི་སྐྱ་གཏམ་དང་། ནང་དོན་དམ་ཟེར་དོ་བཟུམ་ཅིག་ཨིན་མས། ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ འབད་དགུ་འབད་བཅོ་བརྒྱད་འབད་བ་ཅིན་ མཐའ་མར་ཁོ་ར་ཡང་དོག་སར་ཚུད་ནུག་ཟེར་ཨིན་མས། ཁོ་གིས་མི་ང་ཨིན། བྱ་ཁྱུང་ཨིན་ཟེར་ཧམ་མཐོ་དྲགས་སྦེ་སྡོད་མི་ཅིག་ཨིན་རུང་ མཐའ་མཇུག་ལུ་ ཨཔ་ཁྱུང་བདུད་ཀྱིས་ཁོ་གི་སྲོག་ཐག་བསྟུམས་ད་ཞིནམ་ལས་ ཁོ་གི་ལོ་རྒྱུས་འཐེབས་མ་ཐོན་པས། ཁོ་གི་དངོས་སུ་འབད་མི་ཚུ་ ད་རེས་ལོ་རྒྱུས་ཅིག་ལས་བརྒལ་ཏེ་མེད་རུང་ དེ་གིས་རང་གི་རིག་པ་གོང་འཕེལ་ལུ་ཕན་ཐོགས་དོ་ཡོདཔ་ཨིན་མས། མི་ལ་ལུ་ཅིག་ལུ་འགོ་ལས་མཇུག་དག་སླབ་རུང་ཧ་མ་གོ་རུང་ རེམ་གཉིསམ་གིས་ ལྷམ་དཔྱ་ཅིག་སླབ་ཅིན་ རིགཔ་ཚུགས་མི་ལུ་ པའོ་ཨང་ཝང་གདུང་རྒྱས་ཀྱི་སྐྱེཝ་འདྲས་མེན་ན་ཟེར་སླབ་ནི་ཡོད་མི་དེ་ཡང་ ཁོ་མི་ཟིལ་བཟུམ་ཡོད་ནི་འདི་གིས་ཨིན་མས་པས་གོ། ཁོ་གི་སྲུང་མང་ཤོས་ར་རྒོད་བྲ་སི་སི་ཙང་ཙ་ཡོདཔ་ཨིན་རུང་ རྒན་ཤོས་ཚུ་ཁ་ས་ཡིས་བཅད་པའི་བསྒང་ལས་ སྲུང་ལ་ལུ་ཅིག་ཡལ་ནིའི་ཉེན་ཁ་འདུག། དང་འདོད་ཡོད་མི་ལ་ལུ་ཅིག་གིས་ཡིགུ་ནང་བྲིས་ཏེ་ཡོད་མི་ཚུ་གཟིགས་ནིའི་ཐུགས་འདོད་ཡོད་པ་ཅིན་…

ཝང་གདུང་རྒྱས་ཀྱི་མིང་ལུ་ཁུངས་སྐྱེལ་ཐངས།

༉ ཁྱོད་ཅང་གི་བྱིསཔ་འདྲེ་འབད་རུང་། །ང་ཝང་གདུང་རྒྱས་གླེན་གོ་མེན།། ཟེར་བའི་དཔྱེ་གཏམ་སླབ་སྲོལ་ཡོད་མི་ དེ་བསྒང་ནུབ་ཕྱོགས་ལུང་ཕྱོགས་ ཝང་འགྱམ་རྡོ་ལས་ཨིན་མི་ མི་རིག་པའི་བྱི་ཅུང་འདི་ མི་ས་འོག་ལུ་ཐལ་སོ་རུང་། །གཏམ་ས་སྟེང་ལུ་ལུས་ཟེར་སླབ་དོཝ་བཟུམ་སྦེ་ ད་རེས་ནངས་པ་ཁོ་གི་མིང་ ཝང་གདུང་བརྒྱུད། ཝང་གདུང་རྒྱས། ཝང་འབྲུག་རྒྱས། ཝང་གདུང་ངེ་ཟེར་ མིང་ཐད་རི་སྦ་རི་སྦེ་སླབ་ནི་ལུ་མགོ་འཐོམས་དགོ་མི་དེ་ཡང་ ཁུངས་ལྡན་ཡིག་ཆ་ཅིག་མེད་ནི་འདི་གིས་ཨིན་མས། ཨིན་རུང་སྤུ་ན་ཁ་རྫོང་ཁག་ ཆུ་སྦུག་རྒེད་འོག་ གཡུས་ཚ་ཆུ་ཕུ་ལས་ སྐྱེས་ལོ་བདུན་བཅུ་དོན་གྲངས་ནང་ཨིན་མི་གཞས་དཔོན་དབང་ཕྱུག་གིས་ ར་ཁུངས་ཡིད་ཆེས་འདྲོངས་ཏོག་ཏོ་སྦེ་བཀལ་ནི་འདུག། གཟིགས་མིའི་གྱངས་ཁ། Post Views: 17

དར་ཁྱབ་གཏང་དགོ་པའི་ཚིག།

འགོ་ལས་མཇུག་དག། སྦྱིས་བཏགས། བོག་གོག་ཤར། ཨོམ་བཙུམ། དུ་རུམ། གོ་མེད་བརྡ་མེད། ཡང་ན་ཡེངས་ན། བབ་ཏོག་ཆུང་མས། མཐོ་མེད་ཚད་མེད། བྱིས་ཉག་ཀ། ཐལ་ལུས་ཤོར། དབུགས་དུམ། གཟིགས་མིའི་གྱངས་ཁ། Post Views: 23

ད་ལས་ཕར་གྱི་ལཱ་སྐོར།

རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་ཏེ་ མི་ལོ་༧ ལྷགཔ་ཅིག་སོང་པའི་ཤུལ་ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་འདི་ གྲོས་སྟོན་ལས་སྡེ་སྦེ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ སྐབས་སུ་བབ་པའི་གཏམ། །དུས་སུ་བབ་པའི་ཆརཔ། །ཟེར་སླབ་དོཝ་བཟུམ་སྦེ་ ཧེ་མ་བ་ལྷགཔ་སྦེ་ མི་སྡེ་ལུ་ཞབས་ཏོག་ཚད་ལྡན་སྦེ་ཞུ་ཚུགས་ནི་དང་། ད་ལས་ཕར་འབད་དགོཔ་བཅའ་དགོཔ་ལེ་ཤ་ཡོད་མི་ཚུ་ གཅིག་གིས་གཅིག་ལུ་ཧེང་འཕུལ་ཏེ་མ་སྡོད་པར་ མགྱོགས་སུ་ཅིག་སྦེ་བཏགས་ས་བཀལ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཨིན། ད་རེས་ནངས་པའི་གནས་སྟངས་ལུ་ཆ་དཔག་སྟེ་ལྟཝ་ད་ རྫོང་ཁ་འབྲི་ལྷག་ད་ཕྱདཔ་ད་ སླབ་ནི་འདི་འཇམ་ཏོང་ཏོ་འཚམས་ཅིག་སྦེ་བརྩིས་དོཝ་ཨིན་རུང། དབངམོ་ཚངམ་སྦེ་སླབ་མི་ཉུང་ར་ཉུང་པས། རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་རུང་ དེ་འཕྲལ་ལས་བཅོས་ཁ་རྐྱབ་བྱིན་མི་ག་ཡང་མེད་ནི་འདི་གིས་ ཧེང་སྐལ་ར་ཁ་སྐད་ལུགས་ལུགས་གཞི་དར་ཁྱབ་གཏང་ནི་ལུ་གནོད་པ་བྱུངམ་ཨིན་མས། འ་ནེ་ཨིན་ནི་འདི་གིས་ ད་ལས་ཕར་རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་ལས་སྡེ་གིས་ ཞབས་ཏོག་ག་ཅི་ར་ཕུལ་ནི་ཨིན་ན་འོག་ལུ་བཀོད་དེ་ཡོད། དང་འདོད་ཡོད་མི་དང་ འདིའི་ནང་ལས་གཞོན་ཅུང་ཚུ་གིས་ རྫོང་ཁ་ཕྱེད་དག་སྦེ་མིན་པ་ སྒྲ་དག་སྤུས་དག་སྦེ་སླབ་ཚུགསཔ་བཟོ་ནི། རྫོང་ཁ་ངག་གཤིས་མ་ཤེས་ཚུན་སྟོན་བྱིན་ནི།…

བརྗེད་དོགས་སེལ་བ།

༄༅། ། ཧེ་མ་ཅིག་ལས་ར་ ཊིག་ཊོག་དངོས་མཐོང་འགོ་འདྲེན་འཐབ་མི་ཐང་མེད་ཅིག་འདུག། དེ་འབདཝ་ད་ ལོ་རྒྱུས་ག་ཅི་སླབ་རུང་ ཁ་སྐད་སླ་བསྲེས་སླབ་མི་ཙང་ཙ་ཨིན་པས། ང་གིས་རྫོང་ཁ་སླབ་ཐངས་ཀྱི་ངོ་རྟགས་པར་བཙུགས་ཏེ་ དངོས་མཐོང་འགོ་འདྲེན་འཐབ་ཅི། ཤོ་མཉམ་མི་མང་དང་། དེའི་ནང་ལས་ཡང་གཞོན་ཅུང་ག་དེ་མང་མ་གིས་གྲས་ཁར་གཏོགས་བཏུབ་པ་ཅིན་ཟེར་མནོ་སྟེ་ ཉིན་སྐོར་རྐྱབ་སྟེ་ལཱ་སྐོར་སྒྲིག་ནིའི་དོན་ཚན་སོར་སོ་སྦེ་བཟོ་སྟེ་ཡོད་མི་འདི་ཨིན། གཟིགས་མིའི་གྱངས་ཁ། Post Views: 14

རྫོང་ཁ་སླབ་ཐངས་ཀྱི་དཔེ་དེབ།

རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ བརྩམས་བསྒྲིགས་འབད་ཡོད་པའི་དཔེ་དེབ་འདི་ ཡོངས་འབྲེལ་འཆར་སྒོའི་ནང་བཙུགས་ཏེ་ཡོདཔ་ལས་ ཐུགས་མཁོ་ཡོད་མི་ཚུ་གིས་ཕབ་ལེན་འབད་དེ་བཞེས་གནང་། སྔར་སྲོལ་རྫོང་ཁའི་ངག་རྒྱུན་དཔེ་དེབ་འདི་ ཁ་ཕྱེ་སྟེ་གཟིགས་གནང་། གཟིགས་མིའི་གྱངས་ཁ། Post Views: 6

དར་ཁྱབ་གཏང་དགོ་པའི་མིང་ཚིག།

བཀའ་གསལ་སྤྲིངས། ཁ་སངས་ཧིང་སངས། མགུ་ལས་མཇུག་དག། མགུ་ན་པ་དྲག། བརྗེད་དོགས་སེལ། དུ་རུམ། ཐལ་ལུས་ཤོར། མཐོ་མེད་ཚད་མེད། བབ་ཏོག་ཆུང་མས། བྱིས་ཉག་ཀ། སྦྱངམ་ལཱར་རྐྱབ། མལ་ཆ་གདན་སྐོར་རྐྱབ། ཡང་ན་ཡེངས་ན། ཧོག་ཀེམ་གཡབ། བཞི་ཀྲུམ་ཤོར། ལྟག་ལུ་བྲིས་ཏེ་ཡོད་མ་ིཚུ་ ཡིག་སྡེབ་ཐག་བཅད་མེནམ་ལས་ ནཱ་གི་ཐུགས་བཞེད་ལས་འབད་བ་ཅིན་ ག་དེ་སྦེ་དྲག་པས། གཟིགས་མིའི་གྱངས་ཁ། Post Views: 2

དྲགཔ་དྲགཔ་མཁས་པའི་ལཱ་སྐོར་མཇུག་བསྡུ་ཡོདཔ།

༉ རྫོང་ཁ་སླབ་ཐངས་གྲོས་སྟོན་གྱིས་ མི་སྡེ་་བརྡ་བརྒྱུད་ཊེ་ལི་གྷ་རམ་ནང་སྦེ་ ལོ་ངོ་གཅིག་གི་རིང་ དྲགཔ་དྲགཔ་མཁས་པའི་ལཱ་སྐོར་བསྒྲིགས་མི་འདི་མཇུག་བསྡུ་ད་ཡི། དེ་ཡང་ཨ་རྟག་ར་གཟའ་ཟླཝ་ལུ་ དུས་ཡུན་ཆུ་ཚོད་༡ གི་རིང་ལུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད། དོན་ཚན་ཅི་རིགས་སྣ་ཚོགས་ཀྱི་ཐོག་ལུ་ རང་སོའི་བློ་རིག་མཁས་ཧིང་ལུ་གཞི་བཞག་སྟེ་ གསོལ་ར་བྱིན་ཡོདཔ་ཨིན། ཟླ་རིམ་གྱི་དྲགཔ་དྲགཔ་མཁས་པའི་མིང་གཏམ་ཐོབ་མི་ལུ་ འབྲུག་བརྒྱུད་འཕྲིན་གྱིས་ གསོལ་ར་གནང་སྟེ་ཡོདཔ་མ་ཚད། ཤེས་ལྕོགས་མཁསཔ་ལུ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁར་ཡོད་པའི་ ནོར་བུ་སྒང་ཚོང་ཁང་གིས་གསོལ་ར་གནང་སྟེ་ཡོད་མི་ལུ་ འགོ་འདྲེན་འཐབ་མི་གིས་ བཀའ་དྲིན་དགའ་ཚོར་ཞུཝ་ཨིན། དེ་ཡང་གཙོ་བོ་ར་ སློབ་ཕྲུག་ཚུ་གིས་ འབྲུག་གི་སྔར་སྲོལ་ལམ་ལུགས་དང་། རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་བཅུག་ནིའི་དོན་ལུ་འགོ་འདྲེན་འཐབ་ཡོདཔ་ཨིན།། གསོལ་ར་ཐོབ་མི་ལ་ལུ་ཅིག་ ས་ཐག་རིང་སར་ཨིན་ནི་འདི་གིས་ གསོལ་ར་བསྐྱལ་བཏང་ཡོད་རུང་ སྤར་བཏབ་མ་ཚུགས། 1…

དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་འགོ་འདྲེན་འཐབ་མི་ དྲགཔ་དྲགཔ་མཁས་པའི་སྡེ་ཚན་གྱི་འཐུས་མི་ཚུ་གིས་ དམངས་ཁར་ཕུལ་མི་དཔྱེ་གཏམ་གྱི་རིགས། སྤྱི་ལོ་༢༠༢༣སྤྱི་ཟླ་༧པའི་ཚེས་༨་ལུ་ སློབ་དཔོན་ཨོ་རྒྱན་རྡོ་རྗེ་གིས། གྲོས་འགོ་གཏེར་སྒོ་ཕྱེ་ཕྱེ། །གྲོས་མཇུག་གྲུ་གུ་དྲིལ་དྲིལ། ། ཟེར་བའི་དཔྱེ་གཏམ་འདི་གྲོས་བསྟུན་འབད་བའི་སྐབས་སུ་བློ་སླབ་ཐང་གི་དཔེ་ཞག་ས་ཅིག་ཨིན་ཟུམ་གིག་འདུག་ལགས། གཟིགས་མིའི་གྱངས་ཁ། Post Views: 11

ལ་མགོ་ཡོད་རུང་མེདཔ་བཟུམ་སྦེ་སླབ་པའི་སྐྱོན།

ཡིགུ་ལྷག་པའི་སྐབས་དང་ བློ་སླབ་པའི་ནམ་དུས་ལུ་ ལ་མགོ་ཡོད་རུང་མེདཔ་སྦེ་ལྷག་ནི་དང་སླབ་ནི་འདི་གིས་ རྗོད་སྒྲ་ཕྱེ་དག་སྦེ་ཐོན་མི་འདི་ མང་ཤོས་ཅིག་རང་སོའི་གཡུས་ཀྱི་སྤྱོ་ཨིན་རུང་ སེམས་ཁར་བཀལ་ཏེ་མ་ལྷབ་དང་མ་སླབ་པའི་སྐྱོན་ཨིན་མས། ནི་ཚུ་ཆ་མཉམ་ཡིགུ་ཐོག་ལུ་བཀོད་དགོ་པ་ཅིན་ཐང་མེདཔ་ཅིག་འདུག། ཨིན་རུང་དཔྱེ་བཟུམ་ཅིག་སྦེ་གྱངས་ཅན་ཅིག་འོག་ལུ་བཀོད་དེ་ཡོད། གཟིགས་མིའི་གྱངས་ཁ། Post Views: 13

རྫོང་ཁའི་ནང་ཡོངས་འབྲེལ་འཆར་སྒོ་བཟོ་དགོཔ་འདུག་ག།

རྒྱལ་ཁབ་ཀྱི་གོང་འཕེལ་དང་བསྟུན་ཏེ་ ད་རེས་ནངས་པ་ ཨིང་སྐད་ནང་ཡོངས་འབྲེལ་འཆར་སྒོ་ཐང་མེདཔ་ཅིག་བཟོ་སྟེ་ཡོད་ནི་འདི་གིས་ མི་དམངས་ཀྱིས་ བརྡ་དོན་དང་ཞབས་ཏོག་འཐོབ་ནི་ལུ་ དཀའ་འཚེགས་ག་ནེ་ཡང་མེད་པར་ སྡོདཔ་སྡོད་ས་ར་ འཛམ་གླིང་བསྐོར་རིས་རྐྱབ་ཚུགས་པས། ནེ་ཅོག་འཐདཔ་སྦེ་ རྫོང་ཁའི་ནང་ཡང་ ཡོངས་འབྲེལ་འཆར་སྒོ་འཇམ་སམ་རེ་བཟོ་སྟེ་ཡོད་པ་ཅིན་ ཨིང་སྐད་མ་པ་ལས་ར་མ་མཁྱེན་མི་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་མནོཝ་མས། གཞུང་གི་ཡིག་ཚང་དང་སྒེར་སྡེ་ལ་ལུ་ཅིག་གིས་ རྫོང་ཁ་དང་ཨིང་སྐད་ཀྱི་ཡོངས་འབྲེལ་འཆར་སྒོ་ ལོགས་སུ་སྦེ་བཟོ་སྟེ་ཡོད་ས་ཅིག་རུང་ ཁ་ཕྱེ་སྟེ་ལྟཝ་ད་ ཁྱལ་གྱིས་ཕོག་ཕོགཔ་བཟུམ་སྦེ་ ཁ་ཡིག་ཅིག་ལས་བརྒལ་ཏེ་ ཨིང་སྐད་ནང་བཟུམ་སྦེ་བྲིས་བྲིསཝ་ དེ་དང་འདི་ཨིན་ཟེརཝ་ཅིག་མིན་འདུག། ཨིན་རུང་ནེ་སྦེ་བྲིས་ཏེ་ཡོད་མི་འདི་ དྲག་པའི་གྲངས་སུ་སྦེ་བརྩི་དགོ་པས། ག་ཅི་སྨོ་ཟེར་བ་ཅིན་ ལ་ལུ་ཅིག་གིས་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ མ་ད་སྤུ་ལས་ར་མིན་ནུག། གཞོན་སྐྱེས་བསོད་ནམས་ཅན་ཚུ་གིས་ཡང་ རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་དགོ་པ་ཅིན་…

དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

གཡག་རྒྱགས་རིལ་རི་གིས། །ཨར་བ་ལྷ་སི་སི་གཏང་ནི་མི་འོང་། ། མ་གོ་མཁའ་འགྲོའི་ལུང་བསྟན། །གོནི་གསེར་སྲང་བརྒྱ་ལས་དགའ། ། མཁས་པའི་རིག་པ་ནང་ལས།།བླུན་པོའི་སྤྱོད་པ་ཕྱི་ལས།། འདྲཝ་མེད་རུང་ཚུལ་ཅིག། གཡུས་ཀྱི་ལྷ་གསོལ་བ།།གཡུས་ཀྱི་བོནམོ་མཁས།། ཁྲག་རླུང་དཔོན་གྱི་ནད་གཞི། །གཡོག་པ་ཡོདནི་རྟས་ཐག ། པར་པར་ཟེར་མི་ཕར་ཀི་ལོགས་ལས་ཨིན་མས། །བ་བཞོ་ནི་མེད་པ་མར་ག་ལས་འོང་པ།། འཕྲལ་འཕྲལ་གཞའ་མགུ་ཉིས་བརྩེགས།།འཕྲལ་འཕྲལ་དགུང་ཧིང་སྟོངམ།། གཟིགས་མིའི་གྱངས་ཁ། Post Views: 41

དཔེ་དེབ།

དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ། ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ། མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ། གཟིགས་མིའི་གྱངས་ཁ། Post Views: 27

སྐུ་གཟུགས་བཟང་པོ་ལགས།

རྫོང་ཁ་སླབ་ཐངས་ཀྱིས་བཏོན་མི་དཔེ་དེབ། ༉ རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གི་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལུ་ ཁག་ཆེ་ཏོག་ཏོ་དང་ གོ་ཆོདཔ་ཅིག་ག་ནེ་ཡང་མེད་རུང་། ཐུགས་ཁོམ་བཏོན་ཏེ་གཟིགས་མི་ལུ་ སེམས་ཀྱི་ཧིང་ལས་དགའ་ཚོར་ཡོད། བར་སྐབས་ཅིག་ལས་ འཛམ་གླིང་ནང་ བརྡ་དོན་འཕྲུལ་རིག་གོང་འཕེལ་དང་བསྟུན་ཏེ་ ཤེས་ཡོན་བརྗེ་སོར་གྱི་ལམ་ངོ་མ་ཅིག་ ཡོངས་འབྲེལ་ཨིནམ་འདི་ ང་བཅས་ར་ག་ར་གིས་མ་མཁྱེནམ་མེད། འབྲུག་རྒྱལ་ཁབ་ནང་ཡང་ ཨིང་སྐད་ཀྱི་སྐུ་ཡོན་ཡོད་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ གཅིག་ལས་གཅིག་དྲགཔ་སྦེ་བཟོ་སྟེ་ཡོད་མི་འདི་མཐོངམ་ད་ གནམ་མེད་ས་མེད་ངལ་རངས་པས། དེ་འབདཝ་ད་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་མི་ཉུང་སུ་ཅིག་ལས་བརྒལ་ཏེ་མེད་པའི་ཁར། འདིའི་ནང་ལས་ཡང་གཞུང་གི་ལྷན་ཁག་དང་། ལས་ཁུངས་ཁག་གི་ཡོངས་འབྲེལ་འཆར་སྒོ་ཚུ་ ཆུ་མ་སྐམ་ཅིག་དང་། །ཉ་མ་ཤིཝ་ཅིག ། ཟེར་སླབ་དོ་བཟུམ་ཅིག་ལས་བརྒལ་ཏེ་མ་མཐོང་། རེམ་གཉིསམ་གིས་ རྫོང་ཁའི་ནང་ཡོངས་འབྲེལ་འཆར་སྒོ་ཆོག་སྒྲིག་བཀལ་ཏེ་བཟོ་རུང་ མཐོང་བསྐྱེད་མི་དེ་དང་འདི་ཨིན་ཟེརཝ་ཅིག་མེདཔ་མ་ཚད་…

ཐིམ་ཕུག་གི་སློབ་གྲྭ་ཁག་ལུ་དཔེ་དེབ་བཀྲམ་པའི་བསྒང་ར་ཡོདཔ།

༉ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ ཐིམ་ཕུག་གི་སློབ་གྲྭ་ཁག་སོ་སོར་ སྔར་སྲོལ་རྫོང་ཁའི་དཔེ་དེབ་བཀྲམ་པའི་བསྒང་ར་ཡོདཔ་མ་ཚད་ སློབ་གྲྭ་ལྷག་ལུས་ཚུ་ནང་ཡང་མགྱོགས་སུ་ཅིག་སྦེ་བཀྲམ་ནི་ཨིན། འ་ནི་དཔེ་དེབ་འདི་སློབ་གྲྭ་རེའི་དོན་ལུ་ དཔེ་དེབ་འདྲ་གསུམ་རེ་ཕུལ་དོ་ཡོདཔ་ད། དེ་ཡང་སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ ལེགས་ཞིམ་སྦེ་ལྷག་སྟེ་དར་ཁྱབ་གཏང་བའི་རེ་བ་བསྐྱེདཔ་ཨིན། སྡེ་སྲིད་འབྲིང་རིམ་སློབ་གྲྭ་གོང་མ། སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མ། དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ། ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ། མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ། བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མ། བར་པའི་ས་སློབ་གྲྭ་ཆུང་བ། བར་པའི་ས་འབྲིང་རིམ་སློབ་གྲྭ་བར་མ། བདེ་ཆེན་ཆོས་གླིང་སློབ་གྲྭ། གསེར་གསང་སློབ་གྲྭ་ཆུང་བ། ཊོག་ཊར་སྟོབས་རྒྱས་འབྲིང་རིམ་སློབ་གྲྭ་བར་མ། རིན་ཆེན་ཀུན་ཕན་སློབ་གྲྭ། བཟོ་རིག་བཅུ་གསུམ་སློབ་སྦྱོང་སྤེལ་ཁང་། ནང་པའི་གསོ་རིག་སློབ་ཚོགས། དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མ། ཅང་རིག་འཕེལ་སློབ་གྲྭ་ཆུང་བ། ལུང་བསྟན་ཕུག་འབྲིང་རིམ་སློབ་གྲྭ་བར་མ། ཆུ་འབར་ཆུ་འབྲིང་རིམ་སློབ་གྲྭ་བར་མ། འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་བར་མ། འབྲུག་སློབ་གྲྭ་ཆེ་བ། གཟིགས་མིའི་གྱངས་ཁ།…

དབུ་འཛིན་ཚུ་གིས་ཆ་བཞག་ཡོདཔ།

༉ རང་ལུགས་འདས་ལོ་༣༧༡ གནམ་ལོ་ཆུ་སྟག་ ཟླཝ་༧པའི་ཚེས་༢༥ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་བཏོན་ཡོད་པའི་ སྔར་སྲོལ་རྫོང་ཁའི་དཔེ་དེབ་འདི་ ཐིམ་ཕུག་གི་སློབ་གྲྭ་ཁག་དག་པ་ཅིག་ལུ་བཀྲམ་པར་སོངམ་ད་ སློབ་གྲྭའི་དབུ་འཛིན་ཚུ་གིས་མཐོང་བསྐྱེད་ཡོདཔ་ཨིན། གཟིགས་མིའི་གྱངས་ཁ། Post Views: 10

དབང་འདུས་ཕོ་བྲང་གི་སློབ་གྲྭ་ག་ར་ལུ་དཔེ་དེབ་བཀྲམ་ཡོདཔ།

༉ རང་ལུགས་འདས་ལོ་༣༧༡ ཟླ་༧པའི་ཚེས་༡༣ལས་འགོ་བཙུགས་ཏེ་ཉིནམ་༣གྱི་རིང་ལུ་ རྫོང་ཁ་སླབ་སྡེ་ཚན་གྱི་ཁྲི་འཛིན་གྱིས་འགུཔ་བཀལ་ཏེ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་སློབ་གྲྭ་ཚུ་ནང་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་བཀྲམ་ཚར་ཏེ་ཡོདཔ་ཨིན། དེ་ཡང་ཤེས་རིག་གཙོ་འཛིན་འགོ་དཔོན་གྱིས་འགུཔ་བཀལ་ཏེ་ དབང་འདུས་རྫོང་ཁག་འོག་གི་ རྒེད་འོག་༡༥གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དབུ་འཛིན་ཚུ་ཞལ་འཛོམས་འཚོགས་སར་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཁྲི་འཛིན་གྱིས་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་འདི་རྩོམ་སྒྲིག་འབད་དགོ་པའི་ཁུངས། ག་དེ་སྦེ་འབད་ཡི་ག། ད་ལས་ཕར་ག་ར་གིས་རབ་རུབ་གཏང་སྟེ་ ག་དེ་སྦེ་འབད་དགོཔ་ཡོདཔ་ཨིན་ན་གི་སྐོར་ལས་གསལ་བཤད་ཕུལ་ཡོདཔ་མ་ཚད། ཁྲི་འཛིན་དང་ཚོགས་ཆུང་གི་འཐུས་མི་ཚུ་གིས་ སློབ་གྲྭ་རེ་རེ་བཞིན་གྱི་དབུ་འཛིན་ཚུ་ལུ་ དཔེ་དེབ་འདྲ་གསུམ་རེ་ཕུལ་ཡི། ད་ལས་ཕར་དཔེ་དེབ་འདི་ སློབ་གྲྭའི་དཔེ་མཛོད་ནང་བཞག་ནི་ཨིན་རུང་ དང་འདོད་ཡོད་མི་སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ལྷག་ཚུགས་ནི་ཨིནམ་མ་ཚད་ རྫོང་ཁ་སློབ་དཔོན་ཚུ་གིས་ སློབ་སྟོན་ཐབས་ཤེས་ཐོག་ལས་ དེ་བསྒང་གི་རྫོང་ཁའི་མིང་ཚིག་ཚུ་དར་ཁྱབ་གཏང་བའི་རེ་བ་བསྐྱེདཔ་ཨིན། གཟིགས་མིའི་གྱངས་ཁ། Post Views: 15

དབུ་འཛིན་ཚུ་དང་མཇལ་ནིའི་དུས་ཚོད།

༉ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཁྲི་འཛིན་གྱིས་འགུཔ་བཀལ་ཏེ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ལྟ་མ་ཕྱི་རུ་ཁམས་ཆུ་ཚོད་༤་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་སློབ་གྲྭ་ཁག་གི་དབུ་འཛིན་ཚུ་དང་མཇལ་ཏེ་གསུང་གྲོས་ཕུལ་ནི་ཨིན་མས། དེའི་སྐབས་ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ལཱ་སྐོར་དང་ ད་ལས་ཕར་འབད་དགོཔ་བཅའ་དགོཔ་ག་དེ་སྦེ་ར་ཡོདཔ་ཨིན་ན་གི་སྐོར་ལས་གསལ་བཤད་དང་སྦྲགས་ཏེ་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་ཆ་ཚང་རེ་རྩིས་ཕུལ་ནི་ཨིན་མས། གཟིགས་མིའི་གྱངས་ཁ། Post Views: 10

དབང་འདུས་ལུང་གཤོང་ནང་དཔེ་དེབ་བཀྲམ་དོ་ཡོདཔ།

༉ རང་ལུགས་འདས་ལོ་༣༧༡ ཟླ་༧པའི་ཚེས་༡༣ལུ་ རྫོང་ཁ་སླབ་སྡེ་ཚན་གྱི་ཁྲི་འཛིན་གྱིས་འགུཔ་བཀལ་ཏེ་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་སློབ་གྲྭ་ཁག་སོ་སོར་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་བཀྲམ་ནི་འགོ་བཙུགས་ཡོདཔ་ཨིན། སློབ་གྲྭ་གཞན་མི་ཚུ་ནང་ཡང་ མགྱོགས་སུ་ཅིག་སྦེ་ར་བཀྲམ་ནི་ཨིན་མས། གཟིགས་མིའི་གྱངས་ཁ། Post Views: 3

སྤ་རོ་ལུང་གཤོང་གི་སློབ་གྲྭ་ནང་དཔེ་དེབ་བཀྲམ་ཡོདཔ།

༉ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་བཏོན་ཡོད་པའི་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་འདི་ སྤ་རོ་རྫོང་ཁག་འོག་གི་ས་གནས་ཁག་སོ་སོའི་སློབ་གྲྭ་ཚུ་ནང་བཀྲམ་ཡོདཔ་ཨིན། དེའི་སྐབས་ལུ་ དཔེ་དེབ་རྩོམ་སྒྲིག་འབད་དགོ་པའི་ར་ཁུངས་དང་ ག་དེ་སྦེ་ར་འབད་ཡི་ག། ད་ལས་ཕར་དཔེ་དེབ་འདི་ག་དེ་སྦེ་འབད་དགོཔ་ཨིན་ན་གི་སྐོར་ལས་གསལ་བཤད་འབད་ཡོདཔ་ཨིན། གཟིགས་མིའི་གྱངས་ཁ། Post Views: 6

དཔེ་དེབ་བཀྲམ་པའི་བསྒང་ཡོདཔ།

༉ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ སྤྱི་ལོ་༢༠༢༢ སྤྱི་ཟླ་༨པའི་ཚེས་༣༠ལུ་ ཐིམ་ཕུག་ལུང་གཤོང་གི་སློབ་གྲྭ་རྙིང་ཤོས་གསུམ་ལུ་ སྔར་སྲོལ་རྫོང་ཁའི་མིང་ཚིག་ཟེར་བའི་དཔེ་དེབ་ཕུལ་ཡོདཔ་ཨིན། འ་ནི་དཔེ་དེབ་ཚུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གོང་མ་དང་། མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ། དེ་ལས་ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་དབུ་འཛིན་ཚུ་ལུ་རྩིས་ཕུལ་ཡོདཔ་ད། ད་ལས་ཕར་དཔེ་དེབ་འདི་ སློབ་གྲྭའི་དཔེ་མཛོད་ནང་བཞག་ནི་ཨིནམ་ལས་ སློབ་ཕྲུག་ཚུ་གིས་ལྷག་ཚུགས་ནི་ཨིན་པའི་ཁར། འདིའི་ནང་ལས་ཡང་སློབ་དཔོན་ཚུ་གིས་ བཤད་པ་དང་སྦྲགས་ཏེ་སྟོན་གནང་བའི་རེ་ཆི་བསྐྱེདཔ་ཨིན། ཐིམ་ཕུག་གི་སློབ་གྲྭ་ལྷག་ལུས་ཚུ་ནང་ཡང་ མགྱོགས་སུ་སྦེ་བཀྲམ་ནི་ཨིན། གཟིགས་མིའི་གྱངས་ཁ། Post Views: 28

སློབ་གྲྭའི་དཔེ་མཛོད་དོན་ལུ་དཔེ་དེབ་ཕུལ་ཡོདཔ།

༉ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་བཏོན་ཡོད་མི་ སྔར་སྲོལ་རྫོང་ཁའི་མིང་ཚིག་ཟེར་བའི་དཔེ་དེབ་འདི་ སྤྱི་ལོ་༢༠༢༢ སྤྱི་ཟླ་༨པའི་ཚེས་༢༧ལུ་ སྤ་རོ་ལུང་ཕྱོགས་ཀྱི་སློབ་གྲྭ་ཚུ་ནང་བཀྲམ་ནི་འགོ་བཙུགས་ཅི། དེ་ཡང་དང་པ་ར་སྤ་རོ་རྫོང་ཁག་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ དགའཝ་སྤེལ་འབྲིང་རིམ་སློབ་གྲྭ་འོག་མ་དང་། སྒེར་སྡེའི་སློབ་གྲྭ་མིང་གཏམ་ཅན་ཀརྨ་ཤེས་ཡོན་སློབ་ཁང་གཉིས་ནང་དཔེ་དེབ་ཕུལ་ཡོདཔ་མ་ཚད་ དང་ཕུ་དུས་རྒྱས་ཀྱི་མིང་ཚིག་ཚུ་ག་ཅི་སྦེ་དཔེ་དེབ་བཏོན་དགོཔ་ཨིན་ན། ཁུངས་ཐུབ་ཀྱི་ཞིབ་འཚོལ་དང་འདྲ་ཆགས་ཏོག་ཏོ་གི་མིང་ཚིག་བསྡུ་ལེན་ག་དེ་སྦེ་འབད་ཡི་ག། ད་ལས་ཕར་དཔེ་དེབ་འདི་ནང་ཡོད་པའི་མིང་ཚིག་ཚུ་ ག་དེ་སྦེ་འབད་དགོཔ་ཨིན་ན་གི་སྐོར་ལས་དུམ་གྲ་རེ་གསལ་ཏེ་ཞུ་ཡི། གཟིགས་མིའི་གྱངས་ཁ། Post Views: 45

དཔེ་དེབ་གསརཔ་བཏོན་ཡོདཔ།

༉ དཔལ་འབྲུག་པ་རིན་པོ་ཆེ་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ནང་ བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ཏེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་བསྡུ་བསྒྲིགས་འབད་ཡོད་པའི་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་ཟེར་བའི་དཔེ་དེབ་འདི་ ད་རིས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་གིས་འགོ་འབྱེད་གནང་ཡི། ཤོག་གྲངས་༣༥༠ དེ་ཅིག་ཡོད་པའི་དཔེ་དེབ་འདི་ནང་ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་པའི་ རྫོང་ཁའི་མིང་ཚིག་སྟོང་ཕྲག་གཉིས་ལྷགཔ་ཅིག་ཡོད་མི་ཚུ་གི་གོ་དོན་དང་ དཔེ་དང་སྦྲགས་ཏེ་ལྷག་དགོ་བདེ་ཏོག་ཏོ་སྦེ་བཀོད་དེ་ཡོདཔ་ཨིན། གཟིགས་མིའི་གྱངས་ཁ། Post Views: 29

རྫོང་ཁའི་དཔེ་དེབ།

༉ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ བྲི་ནིའི་ཐད་ཁར་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་སོང་སྟེ་ཡོད་རུང་ ཁ་སྐད་གཞན་དང་སླ་བསྲེས་དང་ མིང་ཚིག་གསརཔ་བཟོ་སྟེ་སླབ་ནི་དེ་ཡང་དར་ཁྱབ་སོང་སྟེ་འདུག། ཨིན་རུང་མི་དབང་ཡབ་སྲས་ཀྱི་ཐུགས་དགོངས་དང་ རྒྱལ་ཡོངས་ཀྱི་དམིགས་དོན་འགྲུབ་ཐབས་ལུ་ཤུགས་བཏོན་དགོཔ་མ་ཚད། མིའི་སེམས་རྒྱུད་དང་འབྲེལ་བའི་ཁྱད་ཆོས་བཟངམོ་ དང་ཕུ་དུས་རྒྱས་ལས་ རང་གི་མི་རིགས་ནང་འཁོད་ལུ་ གོམས་གཤིས་ཚུད་ཡོད་མི་ཚུ་ག་ར་ གཞི་རྟེན་གཙོ་བོ་སྐད་ཡིག་ལུ་བརྟེན་ཏེ་གནས་དགོ་ནི་འདི་གིས་ རང་གི་རྒྱལ་ཡོངས་སྐད་ཡིག་ལུགས་ལུགས་གཞི་བདག་འཛིན་འཐབ་ནི་འདི་ རྒྱལ་ཁབ་ག་ཏི་ར་ཨིན་རུང་ གཞུང་དང་མི་སེར་ག་ར་གིས་ རང་གི་སེམས་ཀྱིས་ཚོར་ཏེ་འབད་དགོ་པའི་ འགན་ཁུར་ངོ་མ་ཅིག་ཨིན། དེ་འབད་ནི་འདི་གིས་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ ལོ་ངོ་ལྔ་ལྷགཔ་ཅིག་གི་བར་ན་ དོན་ཚན་སྣ་ཚོགས་ཀྱི་ཐོག་ལུ་ གྲོས་བསྡུར་རྒྱས་ཤིང་རྒྱསཔ་སྦེ་འབད་དེ་ཡོད་པའི་ མིང་ཚིག་དང་ཚིག་སྦྱོར་ཚུ་ག་ར་ རྫོང་ཁའི་མཁས་མཆོག་ཚུ་འཚོལ་ཞིནམ་ལས་ དབྱེ་བ་མ་བཏུབ་བཏུབ་སྦེ་དཔྱད་དེ་ དཔེ་དེབ་སྦེ་བཏོན་ཡོད་མི་འདི་ དུས་ཅུ་དཔལ་འབྲུག་པ་རིན་པོ་ཆེ་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གིས་…

ག་དེ་སྦེ་འདུག།

རྫོང་ཁ་སླབ་སྡེ་ཚན་གྱི་ཡོངས་འབྲེལ་འཆར་སྒོ་འཇམ་སམ་ཅིག་བཟོ་མི་འདི་གིས་ མི་སྡེ་ལུ་ཕན་ཐོགས་འདུག་ག། ཡོད་ཟེར་བ་ཅིན་ དེ་དང་བསྟུན་པའི་ཐུགས་འཆར་བཀོད་མི་འདིནི་ཕུད་རྡོག་གཅིག་ཡང་ཐོན་ནི་མིན་འདུག། གཟིགས་མིའི་གྱངས་ཁ། Post Views: 5

རྫོང་རྒྱུགས།

༉ རྒྱལ་ཁབ་ཀྱི་གོང་འཕེལ་དང་འཁྲིལ་ཏེ་ ཧེ་མ་གཅིག་ལས་ར་ གཞུང་གི་མ་དངུལ་དང་ ཁྱད་རིག་རྒྱབ་སྐྱོར་ཐོག་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་འགོ་འདྲེན་ཐོག་ རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ཀྱི་ལཱ་སྐོར་ཅིག་འགོ་བཙུགས་ཏེ་ཡོད་རུང་ ད་ལྟོ་བར་ན་ཡང་ལག་ལེན་འཐབ་མ་ཚུགས་པར་ལུས་ཏེ་འདུག། འབྲུག་རྒྱང་བསྒྲགས་ཀྱིས་དྲིས་ལན་འབད་མི་ལས་རིམ་འདི་གཟིགས་གནང་། གཟིགས་མིའི་གྱངས་ཁ། Post Views: 16

རྒྱལ་ཡོངས་སྐད་ཡིག།

རྒྱལ་བརྒྱུད་རིམ་བྱོན་ཚུ་གིས་གསུང་མི་དང་ རྫོང་གོང་འོག་གཉིས་ལུ་བརྡ་དོན་སྤྲོད་ལེན་གྱི་སྐད་ཡིག་རྫོང་ཁ་འདི་ལུ་བརྩི་མཐོང་བསྐྱེད་དེ་དར་ཁྱབ་གཏང་དགོཔ་འདུག། གཟིགས་མིའི་གྱངས་ཁ། Post Views: 19

མིང་ཚིག་མགུ་མཇུག་སློག་སློགཔ།

མིང་ཚིག་མགུ་མཇུག་སློག་སློགཔ་ག་འཆེས་ར་སླབ་པའི་བསྒང་ལས་ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་པའི་མིང་ཚིག་ཚུ་ར་ཡལ་ནིའི་ཉེན་ཁ་སྦོམ་འདུག། ནི་ཚུ་ཡང་དཔྱེ་ཅིག་བཀོད་པ་ཅིན་་་་ གྲོས་བསྟུན། གོ་ཤེས་ཉན་ཤེས། ཁྲ་ལི་དམར་ལི། དམར་ཀྲེ་སེར་ཀྲེ། ཁེ་ཕན། གོ་ལ་དང་ལྷམ་ཞྭམ། ནི་ཚུ་ག་དེ་སྦེ་སླབ་དགོཔ་སྨོ། བསྟུན་གྲོས། སླབ་ཤེས་ཉན་ཤེས། ཁྲ་ལི་དམར་ལི། སེར་ཀྲེ་དམར་ཀྲེ། ཕན་ཁེ། ཞྭ་གོས་ལྷམ་གསུམ། གཟིགས་མིའི་གྱངས་ཁ། Post Views: 23

རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་དུས་དེབ།

གཞན་དལ་གཞིར་ ང་བཅས་ར་རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ མི་སྡེའི་ཞབས་ཏོག་ག་དེ་སྦེ་ཞུ་དོ་ཡོདཔ་ཨིན་ན་གི་སྐོར་ལས་ ཟླཝ་ནམ་ཆ་ར་དུས་མཐུན་གྱི་ལོ་རྒྱུས་རེ་ཡིགུ་ནང་ལུ་འབྲི་སྟེ་བཀྲམ་ནི་སྦེ་ལཱ་སྐོར་བརྩམས་ཏེ་ཡོད། ཨིན་རུང་ཚར་གཉིས་དེ་ཅིག་ལས་བརྒལ་ཏེ་ཕུལ་མ་ཚུགས་ལགས། འདི་གུར་ཨེབ་སྟེ་གཟིགས། གཟིགས་མིའི་གྱངས་ཁ། Post Views: 3

རྒྱང་མཐོང་གི་ལས་རིམ་བཟོ་ཡོདཔ།

རང་ལུགས་གནམ་ལོ་མེ་མོ་བྱ་ལོ་ ཟླ་༨པའི་ཚེས་༡༦ སྤྱི་ཚེས་༦/༡༠/༢༠༡༧ལུ་ འབྲུག་རྒྱང་བསྒྲགས་ཀྱི་རྒྱང་མཐོང་༢པའི་ནང་ ཕྱི་རུ་ཆུ་ཚོད་༦་༢༠ལས་༧ཚུན་དང་ དེ་ལས་ཆུ་ཚོད་༧་༣༠་ལས་༨ཚུན་ མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལས་ རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་དགོ་པའི་དམིགས་ཡུལ་དང་དགོས་པ། གསུང་གྲོས་གནང་ཐངས་ཀྱི་ལམ་ལུགས་སྐོར་ལས་ གྲོས་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་མི་ནང་ལུ་ སྡེ་ཚན་གྱི་ཁྲི་འཛིན་ལྷ་ཕྲུག། དྲུང་ཆེན་བསོད་ནམས་སྟོབས་རྒྱས། ཚོགས་ཆུང་གི་འཐུས་མི་ འཆི་མེད་རྡོ་རྗེ་གསུམ་གྱིས་གྲས་ཁར་གཏོགས་ཅི། གཟིགས་མིའི་གྱངས་ཁ། Post Views: 3

རྒྱང་བསྒྲགས་ཀྱི་ལས་རིམ་བཏང་ཡོདཔ།

རང་ལུགས་གནམ་ལོ་མེ་བྱ་ཟླ་༧པའི་ཚེས་༢༢ སྤྱི་ཚེས་༡༢/༩/༢༠༡༧ རེས་གཟའ་ལྷགཔ་ ཕྱི་རུ་ཆུ་ཚོད་༥་༣༠ལས་༦ཚུན་ འབྲུག་རྒྱང་བསྒྲགས་རྒྱུན་ལམ་༢པའི་ནང་སྦེ་ མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་གཞི་བཙུགས་དགོ་པའི་དམིགས་ཡུལ་དང་དགོས་པ་ དེ་ལས་གསུང་གྲོས་གནང་ཐངས་ཀྱི་ལམ་ལུགས་ ད་ལས་ཕར་གྱི་འཆར་གཞིའི་སྐོར་ལས་ དངོས་གསན་ལས་རིམ་ཅིག་འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་དྲུང་ཆེན་བསོད་ནམས་སྟོབས་རྒྱས་དང་ ཞིབ་འཚོལ་འགོ་དཔོན་ཅང་རྟ་མགྲིན་ཚེ་རིང་གཉིས་ཀྱིས་གྲས་ཁར་གཏོགས་ཏེ་ སྡེ་ཚན་གྱི་དམིགས་ཡུལ་དང་དགོས་པ་གི་སྐོར་ལས་གོ་བ་ཁ་གསལ་སྦེ་ འབྲུག་རྒྱལ་ཡོངས་ལུ་གསལ་བཤད་ཕུལ་ཡོད་ནི་འདི་གིས་ སྡེ་ཚན་བཟོ་དགོ་པའི་ར་ཁུངས་ཧིང་སངས་ས་སྦེ་མཁྱེན་མཁྱེནམ་འོང་། བརྡ་བརྒྱུད་ཐོག་ལས་གསལ་བཤད་ཕུལ་དགོ་མི་དེ་ཡང་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་སྐོར་ལས་ རྒྱལ་ཡོངས་ལུ་དར་ཁྱབ་གཏང་ཞིནམ་ལས་ སྤྱིར་བཏང་མི་མང་གིས་མཁྱེན་ཐབས་ལུ་དང་ འདིའི་ནང་ལས་གཞོན་སྐྱེས་ཆ་ཁྱབ་ཀྱིས་ དང་འདོད་བསྐྱེད་དེ་ གྲས་ཁར་གཏོགས་བཅུག་ནིའི་ཐབས་ལམ་ཅིག་ཨིན། འགྲོས་ཀྱིས་བཏང་སྟེ་ དང་ཕུ་སླབ་སྲོལ་ཡོད་པའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་མིང་ཚིག་ཚུ་ ག་ར་གིས་མཁྱེན་ཚུགསཔ་བཟོ་ནིའི་དམིགས་གཏད་བསྐྱེདཔ་ཨིན། གཟིགས་མིའི་གྱངས་ཁ། Post Views: 19

རྫོང་ཁ།

རྫོང་ཁ་ཞུན་དག་ཏོག་ཏོ་དང་ སླ་བསྲེས་མེདཔ་སྦེ་སླབ་ནི་ལུ་ སྦྱང་ཚུད་བཅུག་ནིའི་དོན་ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་ནང་ལུ་ ལོ་རྒྱུས་ག་དེ་མེན་ཚད་གུ་དེ་སྦེ་རུང་ འབྲེལ་ཡོད་མི་ངོམ་དང་། གཞོན་སྐྱེས་ཚུ་གིས་ དང་འདོད་ཆེནམོ་ཅིག་བསྐྱེད་མི་བཏུབ་པས། ཨིན་རུང་ང་བཅས་ཀྱིས་ཐང་བཏང་བཀོག་མ་བཞག་པ་ རྩ་འགེངས་ཏེ་འཕྲོ་མཐུད་དེ་ལཱ་སྐོར་འབད་མི་འདི་གིས་ མེན་སར་མི་འོང་ཟེར་མནོཝ་མས། གཞན་འདི་ལོས་ སློབ་སྟོན་གནང་མི་ཚུ་གིས་ཡང་ དེ་བསྒང་ལས་སླབ་ནི་ཡོད་པའི་རྫོང་ཁའི་མིང་ཚིག་བ་འདི་ ད་རེས་ནངས་པ་གསརཔ་བརྩམས་མི་ དེ་ལས་ཚིག་མགུ་མཇུག་སློག་སློགཔ་འགོ་མེད་ཤོ་མེད་ཚུ་ར་ཐུགས་མཉེས་པས། གཟིགས་མིའི་གྱངས་ཁ། Post Views: 2

རྫོང་ཁ་སླབ་ཐངས་ནང་གྲས་ཁར་གཏོགས་དགོཔ།

རྒྱལ་ཁབ་ནང་ལུ་ཧེ་མ་ཅིག་ལས་ར་ གཞུང་སྒེར་དང་ འདི་གི་ནང་ལས་ཡང་ མི་དབང་རིམ་བྱོན་ཚུའི་ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཟེར་བའི་ཡིག་ཚངཅིག་་ལོགས་སུ་གཞི་བཙུགས་གནང་ཞིནམ་ལས་ སྤྱིར་རྒྱལ་ཡོངས་སྐད་ཡིག་དར་ཁྱབ་དང་ འདིའི་ནང་ལས་ཡང་ རྫོང་ཁའི་མིང་ཚིག་ཚུ་ཉམས་མ་བཅུག་པར་བདག་འཛིན་ག་འདེ་དྲག་དྲ་འཐབ་ནིའི་དོན་ལུ་ མི་དབང་རིམ་བྱོན་ཚུ་གིས་གསུང་མི་དང་ རྫོང་གཞི་ཁག་ལུ་སླབ་སྲོལ་ཡོད་མི་ཁ་སྐད་ ཕྱིའི་ཁ་སྐད་དང་བསྲེ་མ་ཞུགས་པར་ཡོད་མི་རྒན་ཤོས་ཚུ་ལུ་དྲི་བསྟུན་འབད་དེ་ ཚིག་མཛོད་བསྡུ་སྒྲིག་འབད་དེ་ཡོད་མི་ནང་ལུ་ མིང་ཚིག་ཁྲི་དང་འབུམ་སྦེ་ཡོད་རུང་ དང་པ་དེ་བསྒང་སླབ་སྲོལ་ཡོད་པའི་མིང་ཚིག་ལ་ལུ་ཅིག་མ་ཚུདཔ་མ་ཚད་ དེ་ཚུ་ཡིག་ཐོག་ལུ་རྐྱངམ་ཅིག་འབད་ནི་འདི་གིས་ བློ་རྐྱབ་པའི་ནམ་དུས་ལུ་ རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་ནི་དར་ཁྱབ་སོང་ཡོད་མི་འདི་གིས་ དང་ཕུ་སླབ་སྲོལ་ཡོད་པའི་མིང་ཚིག་རྒྱབ་ཁར་ལུས་ཏེ་ཡོད་མི་ཚུ་ གདོང་ཁར་བཏོན་ཏེ་དར་ཁྱབ་གཏང་དགོ་པ་ཅིན་ ཐབས་ཤེས་དྲག་ཤོས་འདི་ར་ རྫོང་ཁ་སླབ་ཐངས་ལས་འགོ་བཙུགས་ཏེ་བཅོ་ཁ་རྐྱབ་ཚུགས་པ་ཅིན་ རྗོད་སྒྲ་དག་ཆ་བཏོན་ཚུགས་པའི་ཁར་ སླབ་ཐངས་འདི་མ་འོངས་ཡུན་རིང་ལུ་གནས་ཚུགས་ནི་ཨིནམ་ལས་ སྡེ་ཚན་ནང་ རྫོང་ཁའི་ཤེས་ཡོན་སྦྱང་མི་དང་ རྫོང་ཁ་སླབ་ཤེས་མི་རྐྱངམ་ཅིག་མིན་པར་ སྤྱིར་བཏང་མི་མང་དང་ འདིའི་ནང་ལས་ཡང་གཞོན་སྐྱེས་ཆ་ཁྱབ་ཀྱིས་གྲས་ཁར་གཏོགས་ཚུགས་པ་ཅིན་ དེ་བསྒང་ག་སླབ་སྲོལ་ཡོད་པའི་རྫོང་ཁའི་ངག་གཤིས་ཚུ་ མ་འོངས་རྒྱལ་ཁབ་བདག་འཛིན་འཐབ་མི་…

ཁ་སྐད་སླ་བསྲེས་ཀྱི་ཕན་གནོད།

དང་ཕུ་རྒྱལ་ཁབ་གཞན་དང་འབྲེལ་བ་གནམ་མེད་ས་མེད་ཅིག་མེད་ནི་འདི་གིས་ རང་གི་ཁ་སྐད་དང་ལུང་པའི་ངག་གཤིས་ཚུ་དར་ཁྱབ་ཡོད་རུང་ ད་རིས་ནངས་པ་རྒྱལ་ཁབ་གོང་འཕེལ་ལས་བརྟེན་ཏེ་ རང་གི་ཁ་སྐད་བ་འདི་ གཞན་རྒྱལ་ཁབ་ཀྱི་ཁ་སྐད་ལུ་དང་སྣང་བསྐྱེད་མི་འདི་ གཅིག་ལས་འབདནི་ལུགས་སྲོལ་བཟུམ་ཅིག་ཨིན་རུང་ རྒྱལ་ཁབ་རང་བཙན་ལུ་དུམ་གྲ་ཅིག་གནོད་པ་བྱུང་ནིའི་ཉེན་ཁ་ཡོདཔ་ལས་ ཕན་ཐོགས་བ་འདི་གནོད་པ་ར་ཤུགས་ཆེ་ནི་ཨིན་པས། ཨིན་རུང་ལ་ལུ་ཅིག་གིས་ ཁ་སྐད་སླ་བསྲེས་སླབ་མི་འདི་གིས་ སྐད་ཡིག་ལེ་ཤ་ཤེས་ཚུགས་པའི་ཕན་ཐོགས་ཡོདཔ་སྦེ་སླབ་མི་འདི་ གཙོ་བོ་ར་རང་གི་མནོ་བསམ་གཏང་ཐངས་ལུ་རག་ལས་ནི་ཨིན་པས། གཟིགས་མིའི་གྱངས་ཁ། Post Views: 3