གསུང་གྲོས་གནང་ཐངས།

གསུང་གྲོས་གནང་ཐངས་ཀྱི་ལམ་ལུགས་ཐད་ སྒྲིག་གཞི་ནང་ལུ་ཁ་གསལ་སྦེ་བཀོད་དེ་ཡོདཔ་ལས་ ནཱ་ལུ་ལོགས་སུ་སྦེ་མ་བྲིས་རུང་ གྲོས་གཞི་ཕུལ་ཏེ་གསུང་གྲོས་འགོ་བཙུག་ཐངས་དང་མཇུག་བསྡུ་ཐངས་ཀྱི་སྐོར་ལས་ དུམ་གྲ་ཅིག་བཅུད་བསྡུ་སྟེ་བྲིས་ཏེ་ཡོད།

གྲོས་གཞི་ཕུལ་ཐངས། རྒྱལ་ཡོངས་གཞུང་སྐད་རྫོང་ཁའི་མིང་ཚིག་དར་ཁྱབ་དང་ ཅོག་འཐདཔ་སྦེ་འབྲི་ནིའི་དོན་ལུ་ གནད་དོན་ག་ཅིའི་སྐོར་ལས་གསུང་གྲོས་གནང་དགོཔ་ཡོད་ག་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ཞལ་འཛོམས་གནང་སྟེ་ཐག་བཅད་ཡོད་པའི་གནད་དོན་ཚུ་ ཁྲི་འཛིན་འོགམ་གིས་ རྫོང་ཁ་སླབ་ཐངས་ཀྱི་སྡེ་ཚན་ནང་ གསལ་བསྒྲགས་འབད་དེ་ གསུང་གྲོས་འགོ་བཙུགསཔ་ཨིན།

གསུང་གྲོས་མཇུག་བསྡུ་ཐངས། གྲོས་གཞི་ཕུལ་ཡོད་པའི་གནད་དོན་གུར་ གསུང་གྲོས་ཡུན་རིངམ་སྦེ་གནང་སྟེ་ ཞལ་འཆམ་བྱུང་མ་ཚུགས་པ་ཅིན་ ཚོགས་ཆུང་གི་ཞིབ་འཚོལ་སྡེ་ཚན་གྱིས་དབྱེ་བ་དཔྱད་དེ་ དེའི་སྙན་ཞུ་དམངས་ཁར་ཕུལ་ནི་སྦེ་བཞག་སྟེ་ ཁྲི་འཛིན་འོག་མ་གིས་གསུང་གྲོས་མཇུག་བསྡུ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *