དམིགས་ཡུལ། Objective

༉ མ་པ་རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་ ཤོ་མཉམ་མི་དམངས་དང་། འདིའི་ནང་ལས་ཡང་གཞོན་སྐྱེས་ཆ་ཁྱབ་ཀྱིས་ རྫོང་ཁ་ལུ་དང་འདོད་བསྐྱེད་བཅུག་ནིའི་ཐབས་ལམ་བཏོནམ་ཨིན་རུང་། དེ་བ་ལྷགཔ་སྦེ་ དང་ཕུ་དུས་རྒྱས་ཀྱི་རྫོང་ཁ་སླབ་ཐངས་གཞུང་རྐྱང་འདི་ དང་འདོད་ཡོད་མི་ཚུ་ལུ་ སྦྱང་བ་བྱིན་ཏེ་སླབ་ཚུགསཔ་བཟོ་དོ་ཡོདཔ་ཨིན།

འཇིག་རྟེན་རྒསཔ་ཚུ་གིས་ ཉམས་ཆོད་དེ་སླབ་སླབ་པའི་དཔྱེ་གཏམ་ འདྲ་དྲང་ལྡན་ཚུ་ག་ཨིནམ་སྦེ་སྟོན་བྱིན་ནི། དེ་ལས་བློའི་བར་ན་བཙུགས་ཏེ་ག་དེ་སྦེ་སླབ་དགོཔ་ཨིན་ན་ དཔྱེ་དོན་སྒྲིག་ཏོག་ཏོ་སྦེ་སླབ་ཐངས་མ་ཤེས་ཚུན་སྟོན་ནི།

མི་མང་འཛོམས་སར་ གསལ་བཤད་འགོ་བཙུགས་ཐངས་དང་། བར་ནའི་དོན་མཚམས་བཅད་ཐངས། བཅུད་དོན་དང་མཇུག་བསྡུ་ཐངས་ཀྱི་རིག་རྩལ་གོང་འཕེལ་གཏང་ནི་ཚུ་ལས་འགོ་བཟུང་སྟེ་ སྟོན་ཞིནམ་ལས་ ཟངས་ཀྱི་རྒྱ་ཛི་ནང་རྡོ་སྐྱུར་དོཝ་བཟུམ་སྦེ་ རྫོང་ཁ་སྒྲ་དག་ཏོག་ཏོ་ སྒྲ་ཤུགས་ཐོསཔ་སྦེ་སླབ་ཚུགསཔ་བཟོ་ནི་འདི་ ང་བཅས་རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གི་དམིགས་དོན་གཙོ་བོ་ཨིན།།