ཡིག་ཆ།
༉ དངམ་རྒྱལ་ཁབ་གོང་འཕེལ་གྱི་འགྲོས་དང་ གཉིས་པ་དུས་རབས་༢༡ པའི་ནང་ མི་ག་ར་རང་གི་ལཱ་གིས་དལཝ་མེད་པར་ དྲོ་པ་ལོང་པའི་ཧ་ཤོས་དང་ ཕྱི་རུ་ཉལ་བའི་ཕྱིས་ཤོས་སྦེ་སྡོད་དོ་ཡོདཔ་ཨིན་རུང་ ང་བཅས་རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་འཐུས་མི་ཚུ་གིས་ གཡས་ཆ་བཞག་ གཡོན་ཉ་བཞག་སྟེ་ འཕྲལ་འཕྲལ་ར་དུས་སྟབས་བཟོ་ཞིནམ་ལས་ ཞལ་འཛོམས་འཚོགས་ཏེ་ མིང་ཚིག་བསྡུ་བཞག་མི་ཚུ་གུར་ མ་བཏུབ་བཏུབ་སྦེ་གསུང་གྲོས་གནང་སྟེ་ མཐའ་དཔྱད་འབད་སྲོལ་ཡོདཔ་ཨིན།།
