ཡིག་ཐོག་དང་རྫོད་སྒྲའི་ཁྱད་པར།

རྫོང་ཁ་སླབ་ད་ ཡིགུ་ནང་ཡོད་དོ་བཟུམ་སྦེ་ལྷག་སྟེ་སླབ་པ་ཅིན་ རྣ་བར་ཕྱེད་དག་སྦེ་གོ་དོ་ཡོདཔ་ལས་ ངག་གཤིས་ཀྱི་སླབ་སྲོལ་ལུ་ རྟིང་མའི་ཚི་རྗེས་འཇུག་ཡར་འཐེན་ཏེ་སླབ་པ་ཅིན་ རྗོད་སྒྲ་དག་ཏོ་ཏོ་སྦེ་གོཝ་ཨིན།
ཡིག་སྡེབ་ངོ་མ། རྗོད་སྒྲའི་དོན་ལུ་རྐྱངམ་ཅིག།
- སྐུ་མཆེད། ༼སྐུམ༽
- སྐྱེ་མཆེད། ༼སྐྱེམ༽
- ཁ་བཤད། ༼ཁབ༽
- དགུ་བཅུ། ༼དགུབ༽
- རྒྱ་མཚོ། ༼རྒྱམ༽
- བརྒྱད་བཅུ། ༼བརྒྱདཔ༽
- གྲུ་བཞི། ༼གྲུབ༽
- བགོ་བཤའ། ༼བགོབ༽
- ངོ་མཚར། ༼ངོམ༽
- ལྔ་བཅུ། ༼ལྔབ༽
- ཇ་མཆོད། ༼ཇམ༽
- ལྟོ་མཛར། ༼སྐུམ༽
- ན་བཟའ། ༼ནབ༽
- བློ་བཟང་། ༼བློབ༽
- བཞི་བཅུ། ༼བཞིབ༽
- དབུ་མཛད། ༼དབུམ༽
- མ་མཆུ། ༼མམ༽
- ཡ་མཚན། ༼ཡམ༽
- ཡ་མཆུ། ༼ཡམ༽
- ལྷ་བསང། ༼ལྷབ༽