ཚིག་གཉིས་སྦྱེལམ།
རྫོང་ཁའི་མིང་ཚིག་དང་ཁྱད་ཚིག་གཉིས་སྦྱེལམ་ཚུ་ ད་རེས་ནངས་པ་རེམ་གཉིསམ་གིས་ འགོ་མཇུག་སློག་སྟེ་སླབ་ནི་འདི་གིས་ རྣ་བར་མ་བདེ་ཁག་ཁ་སྦེ་གོཝ་རྐྱངམ་ཅིག་མིན་པར་ དང་ཕུའི་སླབ་ཐངས་ཉམས་ནིའི་ཉེན་ཁ་འདུག།
ཀ༽ རྐང་ལག། རྐང་ཞ་ལག་ཞ། ཀྲམ་ཀྲེམ། ཀྲང་ཀྲིང་། སྐྱེལ་ལེན།
ཁ༽ ཁ་སེར་མིག་སེར། ཁ་འཐབ་ཚིག་འཐབ། ཁ་ངན་ཚིག་ངན་། ཁ་དང་མིག་ཏོ། ཁ་གཡེང་མིག་གཡེང་། ཁ་རི་ཁ་ཐུག། ཁ་མུར་ཆི་མུར་བགྱང་། ཁ་བདེ་ལྕེ་བདེ།
ག༽ ག་མིན་གུ་མིན། གར་གུར། གོངམ་དཔོན་གཡོག། དགའཝ་་སྐྱིདཔ། གངས་དང་སེངྒེ། མགོ་ཏོ་རྐང་ཅུ། མགུ་མཇུག། གློཝ་མཆིནམ། འགྱོ་ཞོར་སྡོད་ཞོར། རྒྱུ་མ་ནང་ཁྲོས། རྒས་གཞོན།
ང༽
ཅ༽ ཅང་ཅིང་། ཅམ་བཅོམ།
ཆ༽ ཆུ་དང་རྐྱང་ཆབ། ཆབ་ཆོབ། ཆ་མེད་ཡ་མེད།
ཉ༽ ཉི་ཟླ་སྐར་གསུམ། ཉི་ཟླ། ཉག་ཉིག། ཉག་ཉོག། ཉར་ཉིར། མཉང་ཀ་མཉེན་ཀུ།
ཇ༽ ཇ་ཚྭ་བུད་རྡོ། ཇ་ཆང་།
ཏ༽ རྟ་དང་རྟེའུ། ལྟབ་ལྟིབ། ལྟང་ཏོང་། ལྟོ་དང་ཚོདམ། ལྟོ་ལྷག་ཚོད་ལྷག།
ཐ༽ ཐབ་ཐོབ། ཐག་ཐུག། མཐོ་སྟོད་མཐོ་དམན། མཐོ་མེད་ཚད་མེད།
ད༽ གདན་ཧང་མལ་ཆ། གདུང་རྒས་དང་ཤ་མུ། དབ་དིབ། རྡག་རྡུག། རྡག་རྡིག། དྲིས་ལན།
ན༽ ནར་ནུར།
པ༽ སྤང་དང་ཤཝ་རྒྱས། དཔོན་གཡོག། སྤ་ཏ་སྤོ་ཏོ།
ཕ༽ ཕམ་དང་བུ་གཞི། ཕག་ཕོག། ཕར་ལོ་ཚུར་ལོ། ཕུ་དཀྲོག་མདའ་དཀྲོག། ཕྱམ་ཕྱིམ། ཕྱེད་ཀྲམ་མ་ཀྲམ། ཕྱེད་ཤི་ཀོག་ཤི།
བ༽ བ་དང་བོ་ཅུང་། བར་ཁ་ཞོར་ཁ། བླམ་ཆོསཔ། བླམ་སློབ་དཔོན། བྱ་དང་བྱི་ཅུང་། འབད་ཐང་བཅའ་ཐང་། འསྦྱར་ཏ་སྦྱོར་ཏ། སྦང་སྦུང་།
མ༽ མར་དར་ཚི། མར་མུར། རྨགཔ་དང་གནསམོ།
ཙ༽ ཙམ་ཙུམ། ཙཝ་ཙིཝ། གཙང་བཙོག། ཙར་ཙིར།
ཚ༽ ཚཝ་ཚིའུ། ཚམ་ཚུམ། ཚར་ཚོར། འཚབ་འཚུབ།
ཞ༽ ཞ་ལོས་ཞོལ། ཞཝ་ཞིཝ།
ཟ༽ ཟམ་ཟས་སྒོར།
འ༽ འར་འུར།
ཡ༽ཡམ་ཡོམ། ཕྱག་ཕྱུག། གཡའ་མུར་ཚ་མུར་འཐབ། ཕྱམ་ཕྱོམ།
ར༽ ར་དང་ལུག། རང་མ་རིང་ཐུང་། རེམ་གཉིསམ། རིག་དང་མ་རིག། རམ་ཕྱེད་རུམ་ཕྱེད།
ལ༽ ལ་དང་ལུང་།
ཤ༽ ཤ་དང་སེན་མོ། ཤིང་དང་མེ་ཏོག། ཤབ་ཤོབ། ཤར་ཤོར། ཤ་ཕྱེད་རུསཔ་ཕྱེད།
ཡ༽ ཡང་ན་ཡེངས་ན། ཡར་ལོ་མར་ལོ། ཡར་ལྟ་གནམ་དང་མར་ལྟ་ས། ཡམ་ཡོམ། ཡར་ཡུར།
ས༽ ས་གཞི་ས་རྟེན། སངས་རྒྱས་དང་སེམས་ཅན། སླབ་ལུགས་བཅའ་ལུགས། སླབ་ཐང་ཟེར་ཐང་། སློབ་དཔོན་དང་སློབ་ཕྲུག སླབ་ཁ་ཟེར་ཁ།
ཧ༽ ཧར་ཧུར། ཧབ་ཅི་གུབ་ཅི། ཧནི་དང་ཧོན་སྡུ། ལྷག་ཆད།
ཨ༽ ཨ་ཀྲ་ཨོ་ཀྲོ། ཨེ་མ་དར་ཚི། ཨིནམ་མེནམ། ཨ་མེད་ཨུ་མེད། ཨ་ཁ་དུག་ཁ། ཨ་ཛིར་མུང་ཛིར། ཨེར་མ་སེར་ཀྲེ་དམར་ཀྲེ།