ཚོགས་ཆུང་གི་ཞལ་འཛོམས་འགོ་དང་པ་གནང་ཡོདཔ།
མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལས་ རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་ཏེ་ ལོ་༡དང་ཟླཝ་༣ཞག་༩ལངམ་ད་ཅིག་ཁར་ ད་ཚུན་གསུང༌གྲོས༌གནང༌ཡོད༌པའི༌གྲུབ་འབྲས་དང་ ད༌ལས༌ཕར༌གྱི༌འཆར༌གཞི༌བརྩམ་ནིའི་དོན༌ལུ༌ རང་ལུགས་གནམ་ལོ་མེ༌མོ་བྱ་ལོ་ཟླ་༧པའི་ཚེས་༡༢སྤྱི་ཚེས་༣-༩-༢༠༡༧ལུ་ ཐིམ་ཕུག༌ལུ༌འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་ཡིག་ཚང་ནང་སྦེ་ཚོགས་ཆུང་གི་ཞལ་འཛོམས་འགོ་དང་པ་གནང་པའི་སྐབས་ རྒྱལ་ཡོངས་ཀྱི་དམིགས་དོན་གྲུབ་ནིའི་དོན་ལུ་ གསུང་གྲོས་ངལ་རང་སི་སི་སྦེ་གནང་ཡོདཔ་ཨིན།
དེའི་སྐབས་ཚོགས་ཆུང་གི་རྩིས་འཛིན་པ་རྣམ་རྒྱལ་དབང་འདུས་ཀྱིས་ ཞལ་འཛོམས་ཁང་རིན་མེད་སྟོང་པ་དང་ གསོལ་ཇ་དང་གསོལ་བའི་སྦྱིན་བདག་མཛད་མི་ཚུ་བཀའ་དྲིན་དགའ་ཚོར་ཞུཝ་ཨིན།