Skip to content
- ལུང་ཕྱོགས་དང་ས་གནས་ཀྱི་མིང་འགྱུར་བ་སོང་ཡོད་མི་ཚུ་ ལུང་པའི་ངག་གཤིས་ནང་ ག་དེ་སྦེ་སླབ་ཨིན་ན་ ཞིབ་འཚོལ་འབད་དེ་ཡིག་ཐོག་ལུ་བཀོད་དེ་དར་ཁྱབ་གཏང་ནི།
- སླབ་དགོ་བདེ་ཏོག་ཏོ་དང་། ཉན་དགོ་མནོ་སི་སི་སྦེ་ཡོད་པའི་ རྫོང་ཁའི་ངག་གཤིས་ཚུ་ཡིག་ཐོག་ལུ་བཀོད་དེ་ ད་ལྟོ་དར་ཁྱབ་ཡོད་པའི་མིང་ཚིག་ཚུ་དང་འདྲན་འདྲ་སྦེ་ དར་ཁྱབ་གཏང་ནིའི་ཐབས་ལམ་བཏོན་ནི།
- ཚོགས་པའི་སྒྲིག་གཞི་དང་འཁྲིལ་ཏེ་ གསུང་གྲོས་གནང་མི་ཚུ་ཡིག་ཐོག་ལུ་བཀོད་དེ་ ཞུན་དག་མ་བཏུབ་བཏུབ་སྦེ་འབད་ཞིན་ན་ དཔེ་དེབ་བཟོ་སྟེ་ སློབ་གྲྭ་ཁག་ལུ་བཀྲམ་ནི།
- རྫོང་ཁ་སླབ་ཐངས་ཀྱི་ཚོགས་ཆུང་གིས་འགོ་འདྲེན་འཐབ་སྟེ་ རྫོང་ཁ་ལྕེ་མཆུ་དག་དྲགས་སྦེ་སླབ་ཚུགས་མི་ཚུ་ སློབ་གྲྭ་ཁག་དང་། མི་མང་འཛོམས་སར་ངོ་སྟོན་ཏེ་ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་པའི་ རྫོང་ཁའི་མིང་ཚིག་དང་། རྗོད་སྒྲ་དག་ཆའི་སྐོར་ལས་གསལ་བཤད་འབད་བཅུག་ནི།།