Like and share
ཁ་སྐད་སླ་བསྲེས་དར་ཁྱབ་སྦེ་སླབ་ནི་ཡོད་མི་ག་ཅི་རསྨོ།
ང་བཅས་རའི་རྫོང་ཁ་ནང་ ཕྱིའི་ཁ་སྐད་བར་ན་བཙུགས་ཏེ་སླབ་མི་ཐང་མེདཔ་འདུག། ཨིན་རུང་དར་ཁྱབ་སྦེ་འཕྲལ་ཉེ་བར་སླབ་མི་འདི་འ་ནི་ཚུ་ཨིན།
- པུ་ར།
- པ་ཀ།
- ཨ་ལི་ཀ་ཏི།
- སབ་ཇི།
- བྷ་ཛར།
- ཊ་ཝོནཱ།
- ཊེག་སི།
- བཱསི།
- ཀ་ཅ་ར།
- བཱོ་ཊཱལི།
- ཨེས་ཊ་རའིས།
འ་ནི་ཚུ་ང་བཅས་རའི་ཁ་སྐད་ནང་ལུ་ཡང་ཡོད་ག། ག་དེ་སྦེ་སྨོ།
- ག་ར།
- ལེགས་ཤོམ། ཨོ་ཏོག་ཏོ། སྤུས་ཙ། ཡིད་ངེས་ཐིང་ངེས། ཆོག་སྒྲིག་ཤིག་ཤི།
- ཨ་ཙི་ཅིག། དུམ་གྲ་ཅིག། ཐང་ཐ་ཅིག། ཉུང་སུ་ཅིག།
- ཚོད་བསྲེ།
- ཁྲོམ།
- ཁྲོམ་ཁ།
- ཊེག་སི།
- མི་དམངས་སྐྱེལ་འདྲེན།
- འབྲེལ་ཧིང་ཚགས་དྲགས། ཉག་ཉོག་ཆེ་དྲགས།
- དམ་སྦྱི།
- ལྟོ་སྒྲོན།
Like and share