ལ་ནོར་གྱི་དབྱེ་བ།
གཡག། འབྱིམོ། མཛོ། མཛོ་མོ། ཞོལ་ལེ། ༼ཕ་ཞོལ་ལེ་དང་ ཨའི་འབྱིམོ་གཉིས་ཀྱི་ཕྱུ་གུ་ཕོ་ལུ་གཡག་དང་མོ་ལུ་འབྱིམོ།
ཕྱུ་གུ་འཚརཝ་ཅིག་བོ་འཚར།
གཡག་ལོ་གཅིགམ་ལུ་བོའུ་ཅུང་།
གཡག་ལོ་གཉིསམ་ལུ་རོག།
གཡག་ལོ་གསུམ་ལུ་གཡའཝ།
གཡག་ལོ་བཞི་མ་ལུ་གུད་ཏོ།༽
འབྱིམོ་ལོ་གཅིགམ་ལུ་ཤེནམོ་དང་ བོའུ་ཅུང་མ་འཚར་བའི་བར་ན་གུདམོ།
ཕ་རྒྱ་ཚ་དང་ཨའི་འབྱིམོ་ལས་ མཛོ་དང་མཛོམོ་འཚརཝ་འོང་།
གཡག་རྭཝ་མེད་མི་ལུ་ཨ་ཡུ།
དཔེ་གཏམ། འབྱོགཔ་ཤི་གཡག་ལུ་སྐྱེ།།གཡག་ཤི་འབྱོགཔ་ལུ་སྐྱེ།།ཁུར་ཆ་གཡག་གིས་འབག།སྐད་འབྱོགཔ་གིས་རྐྱབ།།ཕ་ཤུལ་བུ་དང་གཡག་ཤུལ་ཀོཝ།། འ་ནེ་སྦེ་སླབ་ཨིན་རུང་ འབྲུག་གི་ལམ་སྲོལ་ལུ་ཤ་ཞེན་ཅན་ཅང་རྡོ་རྗེ་གིས་ཁུངས་སྐྱེལ་མི་འདི་ཨིན་པ་ཅིན་ ཕ་ཤུལ་བུ་དང་ དབྱར་ཤུལ་དགུན། ཟེར་ དབྱར་གྱི་ཤུལ་མ་དགུན་བྱུང་དོ་བཟུམ་སྦེ་ ཕ་མའི་ཤུལ་མ་བུ་གི་དཔེ་སྦེ་སླབ་ཨིན་ཟེར་ཨིན་མས།